འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན། གོ་བདེ་རྟོཌ་སླའི་སྒྲོག་འགྲེལ་བྱེད་ཐབས་སྤྱད་དེ་མང་ཚོཌ་ཀྱི་སེམས་ལ་ཟུག་པར་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་16ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱི་རིཌ་རང་སྐྱོང་ཀྲོའུ་ཡོན་དབྱང་རྫོང་ནན་ཧྲ་གྲོང་རྡལ་ཐའོ་ཡོན་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་། “ཡུན་ལིང་མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་སྟེ། ཁྲུའུ་ཞུང་ཡའོ་ཨན་མེ་ཀོ་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཝུའེ་ཡུས་ཧྭ་ཡི་སྒྲོག་འགྲེལ་ལ་གྲོང་མི་ཚོའི་དགའ་བསུ་ཡང་ཡང་ཐོབ་པ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་ནས་བཟུང་། ཡུན་ནན་གྱིས་ཞིང་ཆེན་རིམ་པའི་སྒྲོག་འགྲེལ་དཔུང་ཁག་དང་གཞི་རིམ་མང་ཚོཌ་ཀྱི་སྒྲོག་འགྲེལ་དཔུང་ཁག་ཟུང་འབྲེལ་བྱས་ནས་གཞི་རིམ་དུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་དང་མཉམ་འགུལ་རྣམ་པའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད།
     “རྩེར་སོན་དང་། ཉམས་ལྡན། རིམ་མཐོ”བཅས་ཀྱི་གོ་བདེ་རྟོགས་སླའི་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱ་ཆེད། སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་འགག་རྩའི་ཚིག་བདམས་ཏེ་ས་གནས་དེ་གའི་ཡུལ་སྐད་དང་འབྲེལ་ནས་ཚིག་གྲུབ་བཟོས་ཏེ་དབྱི་ལ་མེ་ཏོག་ཆུང་ཆུང་དང་། མེ་ཏོག་གི་སྒྲོན་མེ། ལུའུ་ཧྲེང་ཞབས་བྲོ་སོགས་བཟོས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བློ་ལ་བརྟན་པོར་ངེས་པ་དང་ངག་ལ་བརྗོད་བདེ་པོ་ཡོང་བར་བྱས་ཡོད།
     པའོ་ཧྲན་གྲོང་ཁྱེར་ལུང་ལིན་རྫོང་ལའོ་མན་ཕོ་གྲོང་ཚོ་ཨུ་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལའོ་མན་ཕོ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀོའོ་ཡུས་ཆིན་གྱིས་ས་གནས་དེ་གའི་ཏང་ཡོན་མང་ཚོགས་དང་མཉམ་དུ་སྒོར་སྒོར་བྱས་ནས་བསྡད་དེ། རང་ཉིད་ཚོགས་འདུ་གཟབ་རྒྱས་ནང་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་སྦྲགས་ཕ་ཡུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཚོན་པར་བྱས་ཡོད། “དེང་རབས་ཅན་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་སྒྲོག་འགྲེལ་ཉན་རྗེས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་ཆེར་སྐྱེད་ཀྱིས་དེ་ལྟར་བཤད།
     ཀེ་ཅིའུ་གྲོང་ཁྱེར་དུ“རིག་རྩལ་དང་སྒྲོག་འགྲེལ་ཟུང་དུ་འབྲེལ་བའི”སྒྲོག་འགྲེལ་བྱེད་སྟངས་ལ་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་ཅིང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ས་གནས་ཀྱི་ཟློས་གར་དང་ཤེས་བྱའི་དྲི་བ་དྲིས་ལན་འགྲན་བསྡུར་བྱེད་པར་བརྟེན་ནས་སྲིད་ཇུས་སློབ་སྦྱོང་དང་གནས་ལུགས་བཤད་པ་དང་། ཡུས་ཞི་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་དང་ས་གནས་ས་ཐོག་གི་བརྟག་ཞིབ་ཟུང་འབྲེལ་བྱེད་པ་དང་། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བཅོས་སྒྲིག་དང་ལུས་རྩལ་སློབ་གྲྭ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་པར་བྱས་པ། ཤིས་ཧྲོང་པན་ནཱ་ཀྲོའུ་ཏི་པན་གྲོང་ཚོར་སྒྲོག་འགྲེལ་ཚོགས་པས“རྐུབ་སྟེགས་སློབ་ཁང”གི་རྣམ་པའི་ཐོག་ནས་གྲོང་མི་ཚོ་དང་མཉམ་དུ་ཉེ་འགྲམ་གྱི་འགྱུར་ལྡོག་ནས་འགོ་བཙུགས་ཏེ། སྲིད་ཇུས་དང་འཕེལ་རྒྱས་སྐོར་གླེང་ནས་གྲོང་མི་ཚོས་གོ་ཐུབ་པ་དང་བློ་སྒོ་འབྱེད་ཐུབ་པར་བྱས་ཡོད།
     མིག་སྔའི་བར། ཡུན་ནན་ཞིང་ཆེན་ཡོངས་སུ་སྒྲོག་འགྲེལ་སྣ་ཚོགས་ཐེངས་ཁྲི་2.5ཙམ་བྱས་པ་དེ་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་300ཙམ་ལ་ཁྱབ་ཡོད་པ་རེད།