༄༅།།སྨན་འདི་རིགས་ཚད་ལྡན་མིན་པ་གཞུང་ཕྱོགས་ནས་བརྡ་ཁྱབ་བྱས་འདུག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 12ཚེས་16ཉིན། 12:11】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲ་ཚིགས་ཐོག་སྨན་རྫས་ཁག་8གཏན་འབེབས་དང་མི་མཐུན་པའི་བརྡ་ཁྱབ་བཏང་།
སུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་རྫས་ཞིབ་བཤེར་ཚད་ལེན་ཞིབ་འཇུག་ལྟེ་གནས་སོགས་སྨན་རྫས་ཞིབ་བཤེར་སྒྲིག་གཞི་4ཡིས་ཞིབ་དཔྱད་བྱས་པ་བརྒྱུད། ཧྥུའུ་རེན་སྨན་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཁེ་ལས་6གིས་ཐོན་སྐྱེད་བྱས་པའི་ཚ་སེལ་དུག་འཇོམས་ཁ་འཐུང་གཤེར་སྨན་སོགས་སྨན་རྫས་ཁག་8གཏན་འབེབས་དང་མི་མཐུན་པ་ཤེས་རྟོགས་བྱུང་བས། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ།
གཅིག སུའུ་ཀྲོའུ་གྲོང་ཁྱེར་སྨན་རྫས་ཞིབ་དཔྱད་ཚད་ལེན་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། ཧྥུའུ་རེན་སྨན་རྫས་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཅང་ཞི་ཀྲུང་ཧྲན་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི། སྨན་པ་ལེགས་པའི་སྨན་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱིས་ཐོན་སྐྱེད་བྱས་པའི་ཚ་སེལ་དུག་འཇོམས་སྨན་རྫས་ཁག་4ཡི་ནང་དུ་ཕྱིང་ཁུལ་སྐྱ་བོའི་འཕང་མའི་སྐྱེ་ལྡན་ཀཱན་ཁ་པ་འདུས་ཛད་ཚད་བརྒལ་ཡོད་པ་རེད།
ཧྲེན་ཀྲེན་གྲོང་ཁྱེར་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཨན་ཧུའེ་ཧུང་ཁུན་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྨན་ཅིན་དབྱི་ཧྭ་ཁག་ཅིག་གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པ་ནི་ཚད་འཇལ་གཏན་འཁེལ་གྱི་ཆ་ཡིན་པ་རེད།
ཨན་ཧུའེ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཨན་ཧུའེ་ཡོན་ཁང་ཀྲུང་ལུགས་སྨན་ལེབ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པ་དང་། ཨན་ཧུའེ་ཞིང་ཆེན་ཁྲུན་ཡོན་སྨན་ཚོང་ཁང་ཆེ་མོ་ཚད་ཡོད་ཀུང་སི་ནས་འཐེན་ལེན་བྱས་པའི་ཁམ་བུའི་ནང་སྙིང་ཁག་ 2གཏན་འབེབས་དང་མི་མཐུན་པ་དང་། གཏན་འབེབས་རྣམ་གྲངས་དང་མི་མཐུན་པའི་ནང་ངོ་བོ་དང་གཟུགས་དབྱིབས་དང་ཕྲ་མཐོང་དབྱེ་འབྱེད་བཅས་ཚུད་ཡོད།
གཉིས། གོང་གསལ་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་ལ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁགས་འབྲེལ་ཡོད་ཁེ་ལས་དང་ཚན་པར་ཚོང་མཚམས་དང་སྤྱོད་མཚམས་འཇོག་པ་དང་དང་། ཕྱིར་སྡུད་བྱེད་པ་སོགས་ཀྱིས་ཉེན་ཁ་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་པ་དང་། གཏན་འབེབས་ཀྱི་རྒྱུ་རྐྱེན་དང་མི་མཐུན་པར་བརྟག་དཔྱད་བྱས་པ་དང་འབྲེལ་དག་ཐེར་ཏན་ཏིག་བྱས་ཡོད།
གསུམ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་《སྨན་རྫས་དོ་དམ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》གཞིར་བཟུང་། གོང་གསལ་ཁེ་ལས་དང་ཚན་པར་གནས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐོ་འགོད་བརྟག་དཔྱད་བྱེད་པ་དང་འབྲེལ་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་བྱ་རྒྱུའི་བླང་བྱ་བཏོན་ཡོད།
