འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཚང་མ་མཉམ་དུ་གདགས་གཤིས་སུ་འགྱུར་མི་རུང་བའི་རྒྱུ་མཚན་བཤད་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་16ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚང་མ་མཉམ་དུ་གདགས་གཤིས་སུ་འགྱུར་མི་རུང་བའི་རྒྱུ་མཚན་བཤད་པ།
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། ཀྲུང་ཧྲན་སློབ་ཆེན་དུ་རྒྱལ་ཡོངས་མཐོ་སློབ་རིམས་འགོག་སློབ་ཁང་དུ་འཆད་ཁྲིད་བྱེད་སྐབས། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཏོག་གསར་(Omicron)རིམས་ནད་ཀྱི་གནས་ཚུལ་དང་དེ་བཞིན་ཁ་གཏད་གཅོག་ཐབས་སྐོར་གསུངས།
   ཏོག་གསར་ནད་དུག་ལ་བྱང་དྲག་ལྷོ་ཞན་གྱི་གནས་ཚུལ་ཡོད་དམ་ཞེ་ན། 
   ཀྲུང་ནན་ཧྲན་གྱིས་དུག་སྡོང་རིགས་གཉིས་ལ་ཁྱད་པར་ཆེན་པོ་མེད་ཟེར། 
   སློབ་ཁང་ནང་དུ། ཀྲུང་ནན་ཧྲན་གྱིས་ཀོང་ཀྲོའུ་རུ་འགོས་ཤུགས་ཆེ་བའི་དུག་སྡོང་ནི་BA.5.2ཡིན་པ་དང་།  བྱང་ཕྱོགས་སུ་ཁྱབ་པའི་དུག་སྡོང་ནི་BF.7(བསྡུས་མིང་ལ་BA.5.1.7ཟེར།)རྗེས་མ་ནི་གོང་མའི་རྨང་གཞིའི་སྟེང་ཐོལ་འགྱུར་བྱུང་བ་ཡིན། སྤྱིའི་ཆ་ནས་དུག་སྡོང་གཉིས་ལ་ཁྱད་པར་མངོན་གསལ་མེད་མེད་བཤད། 
   ཀྲུང་ནན་ཧྲན་གྱིས་བྱང་ཕྱོགས་སུ་ནད་རྟགས་མི་མངོན་པའི་དུས་ཡུན་ཇེ་ཐུང་དུ་ཕྱིན་པས་ནད་དུག་འགོས་པའི་ཉིན་གཉིས་པ་ནས་འགོ་ནད་ཕོག་གི་ཡོད། མི་མང་ཆེ་བ་ནི་འགོས་ནད་བྱུང་རྗེས་མངོན་གསལ་གྱི་ནད་རྟགས་མེད་པ་སྟེ་ནད་རྟགས་མེད་པའི་ནད་པ་ཡིན། མི་ཁག་ཅིག་ལ་གྲེ་སྐམ་དང་མིད་པ་ན་བ། སྐམ་ལུ་བྱེད་པ། མགོ་ན་བ། ཚ་རྒྱག་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། དེ་དག་ནི་ནད་རྟགས་ཡང་བའི་ནད་པ་ཡིན་ཞེས་བསྟན་ཡོད། ཁོང་གིས་བསྟན་དོན། ཚ་ཆེན་རྒྱག་པ་དང་ལུས་ཡོངས་སྐྱུར་གཟེར་ལངས་ན་ཧ་ཅང་མི་སྐྱིད་པ་ཡིན་མོད། དེའང་གསོ་རིག་ཐོག་གི་ནད་གཞི་ཡང་ལྕི་དང་ཐད་ཀར་འབྲེལ་བ་ཞིག་མིན་ཏེ། ན་ཟུག་དྲག་པོ་ལངས་ན་ནད་གཞི་ལྕི་མོར་གཏོགས་པས་མི་ཁྱབ་ཟེར།
   ཚང་མ་མཉམ་དུ་གདགས་སུ་འགྱུར་མི་རུང་བར་འདོད་པའི་རྒྱུ་མཚན་ཅི་ཡིན་ནམ། 
   ཀྲུང་ནན་ཧྲན་གྱིས་ཨའོ་སྨི་ཁེ་རོང་(BA.4/5.BF.7)འགོས་ནད་འགོས་ཡོང་བསམ་ནས་སྐྲག་མི་དགོས། མང་ཆེ་བར་ཉིན་7-10ནང་སླར་གསོ་ཐུབ་ཀྱི་ཡོད། 
ཀྲུང་ནན་ཧྲན་གྱིས་ད་ཆ་གང་ལྟར་གདགས་གཤིས་སུ་འགྱུར་ངེས་ཡིན་པས་ན། ཚང་མ་མཉམ་དུ་གདགས་སུ་གྱུར་ན་ཡག་གི་རེད་ཅེས་བཤད་སྲོལ་ཞིག་འདུག་མོད། དེ་ལྟར་བྱ་མི་རུང་། འགོས་ནད་སྔོན་འགོག་བྱ་རྒྱུ་དེ་སྔར་བཞིན་གལ་ཆེ། ཀྲུང་གོའི་མི་འབོར་གྱི་གཞི་གྲངས་ཆེ་བས་དུས་ཐུང་ནང་གཞི་ཁྱོན་ཆེན་པོར་འགོས་ཁྱབ་བྱུང་ན་རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་ཤུགས་རྐྱེན་བཟོས་ཏེ་གཞན་འགྱུར་གྱི་དུག་རྐང་གསར་པ་ཐོན་ཉེན་ཡོད་ཅེས་བཤད།
   ཁོང་གིས་ཕྱོགས་གཅིག་ནས་རིམས་འགོག་སྨན་ཁབ་དང་ལྷག་དོན་དུ་རིགས་གཞན་གྱི་རིམས་འགོག་སྨན་ཁབ་རྒྱག་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་ཤུགས་ཆེན་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས། མི་སྒེར་གྱི་འགོག་སྲུང་ཡང་ཤིན་ཏུ་གལ་ཆེ་བས། ཁ་རས་རྒྱག་པ་དང་། ལག་པ་ཡང་ཡང་བཀྲུ་བ། རླུང་རྒྱུག་པ། སྨི་གཅིག་གི་བར་ཐག་སྲུང་འཛིན་བྱེད་པ་བཅས་བྱེད་དགོས། གཞན་ཡང་ད་དུང་སྨན་རྫས་ལ་སྐུལ་འདེད་གཏོང་བ་དང་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ལ་ཤུགས་སྣོན་རྒྱག་པ་དང་། ཞིབ་བཤེར་ཆོག་མཆན་སྤྲོད་པའི་བརྒྱུད་རིམ་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རར་གང་མགྱོགས་འདོན་དགོས་ཟེར།