འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཤིང་ཕོར་མི་སེར་གྱི་ཕྱུག་འགྱུར་ཐོན་ལས་སུ་གྱུར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་15ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཤིང་ཕོར་མི་སེར་གྱི་ཕྱུག་འགྱུར་ཐོན་ལས་སུ་གྱུར།
     ཤིང་ཕོར་ནི་བོད་ཀྱི་མི་སེར་ཚོའི་རྒྱུན་སྤྱོད་མཁོ་ཆས་ཤིག་ཡིན་པ་དང་། བོད་མི་རིགས་ཀྱི་བབ་ཆགས་ཀྱི་འཚོ་བ་མཚོན་ཡོད། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་ཨོ་རོང་གྲོང་རྡལ་ཐང་འབུམ་པ་གྲོང་ཚོའི “བོད་ཡུལ” ཤིང་ཕོར་བཟོ་བའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། བཟོ་པ་ཚོས་ལས་བགོས་གོ་རིམ་ལྡན་པའི་ངང་རྒྱུ་ཆ་འདེམས་པ་དང་། རླུང་སྐམ་པ། རྫ་བཟོ་བ། བརྡར་བ། ཚོན་ལེན་པ་སོགས་བྱེད་ཀྱི་ཡོད། ཚང་མར་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པ་དང་ལག་རྩལ་བྱང་ཆུབ་པས། ཤིང་ཆ་ཞིག་གཏན་འབེབས་ཀྱི་གོ་རིམ་རབ་དང་རིམ་པ་བརྒྱུད་རྗེས་སྤུས་ལེགས་ཀྱི་ཤིང་ཕོར་ཞིག་ཏུ་གྱུར་ཡོད།
     མཉམ་ལས་ཁང་གི་འགན་འཁུར་བ་པད་མ་རྡོ་རྗེ་ཡིས། གྲོང་མིའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་པའི་ཆོད་སེམས་ལ་གཞིགས་ཏེ། ང་ཚོས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་མ་དངུལ་གྲབས་གསོག་བྱས་པ་དང་། མཉམ་ལས་ཁང་བཙུགས་ནས་དགེ་ཕྲུག་གསོ་སྐྱོང་དང་། བཟོ་ཁང་རྒྱས་སྐྲུན། དངོས་ཚན་ཚོང་ཁང་བཙུགས་ནས་ཞིང་འབྲོག་མང་ཚོགས་ཀྱིས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད་ཅེས་བཤད།
【1】  【2】  【3】  【4】
༄༅།།ཤིང་ཕོར་མི་སེར་གྱི་ཕྱུག་འགྱུར་ཐོན་ལས་སུ་གྱུར།