༄༅།།ཁོང་ཀོ་ཡི་ས་གནས་དེར་ཉུང་མཐར་ཡང་མི་141རྐྱེན་ལམ་དུ་ཤོར་འདུག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 12ཚེས་14ཉིན། 17:16】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཁོང་ཀོ་ཡི་རྒྱལ་ས་ཁེན་ཧྲ་སའི་ཚེས་12ཉིན་གྱི་མཚན་མོ་ནས་ཚེས་13ཉིན་གྱི་ཐོ་རེངས་བར། ཁོང་ཀོ་ཡི་རྒྱལ་ས་ཁེན་ཧྲ་ས་རུ་དྲག་ཆར་བབས་ནས་ས་ཆ་མང་པོར་ཆུ་ལོག་དང་། ཞོད་སྐྱོན། རི་ཉིལ་བ་བཅས་ཀྱི་གནས་ཚུལ་ཐོན་ནས་ཉུང་མཐར་ཡང་མི་141རྐྱེན་ལམ་དུ་ཤོར་བ་རེད།
ཚེས་13ཉིན་གྱི་དགོང་མོ་ཁེན་ཧྲ་ས་ཞིང་ཆེན་སྤྱི་པའི་འཕྲོད་བསྟེན་པུས་མི་སྣ་རྐྱེན་ལམ་དུ་ཤོར་ཚད་དེ་གཙོ་བོ་ཁེན་ཧྲ་ས་གྲོང་ཁྱེར་ཉེ་འཁོར་དུ་ཡིན་པའི་གསལ་བསྒྲགས་སྤེལ་བ་རེད། དྲག་ཆར་གྱིས་ས་གནས་དེ་གའི་ཆུ་ལོག་དང་། ཞོད་སྐྱོན། རི་ཉིལ་བ་བཅས་ཀྱི་གནས་ཚུལ་ཐོན་ནས་ཁང་པ་མང་པོ་ཆུས་ཁྱེར་བ་དང་། ལམ་དུམ་བུ་ཁག་ཅིག་བརྡིབས་ཡོད་པ་རེད།
ཚེས་13ཉིན་གྱི་མཚན་མོར་ཁོང་ཀོའི་ནང་སྲིད་པུས་ཙུང་ཐུང་ཆི་སའེ་ཁེ་ཏིས་ཚེས་14ཉིན་ནས་བཟུང་རྐྱེན་ལམ་དུ་ཤོར་བར་དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་ཀྱི་མྱ་ངན་བྱ་རྒྱུའི་བཀའ་རྒྱ་བཏང་རྒྱུའི་ཁྱབ་བསྒྲགས་བྱས།
ཁོང་ཀོ་ཡི་གནམ་གཤིས་བཞའ་ཚན་ཆེ་ལ་ཆར་ཆུ་མང་བའི་ཁར། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་5པའི་བར་ནི་ཆར་དུས་ཡིན་པ་དང་། ཆར་པ་བསྟུད་མར་བབས་ཚེ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་སླ་པོ་ཡོད།