འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མགོ་ལོག་གི་འགོ་ཁྲིད་འདི་ཏང་དང་ལས་གནས་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་14ཉིན། 17:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཞིང་ཆེན་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་བདག་སྐྱོང་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། མགོ་ལོག་ཁུལ་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་མཚོ་སྔོན་གཞུང་ཁོངས་མ་འཇོག་ཟོག་འགྲེམས་ཚད་ཡོད་ཀུང་སིའི་དེ་སྔའི་ཏུང་ཧྲི་ཀྲང་ཝང་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། ཝང་ཅུན་གྱིས་གཞུང་ཁོངས་དངུལ་རྩའི་སྒྲིག་གཞིར་ལས་འགན་འཁུར་རིང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་གཤིས་དང་རྩ་དོན་ཉམས་པ་དང་། ཕུགས་བསམ་དང་དད་སེམས་ཉམས་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ་དང་། བྱ་སྤྱོད་སྒྲིག་སྲོལ་དང་མི་མཐུན་པ། ཁེ་ལས་སུ་འགན་དབང་སྤྱད་ནས་གཞན་ལ་སྟབས་བདེ་བསྐྲུན་ཞིང་རང་ལ་ཁེ་ཕན་གཉེར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་ཏེ་སྒྲིག་འགལ་ངང་ཁ་གསབ་རོགས་དངུལ་སྤྲད་པ་དང་། དངོས་ཟོག་ཉོ་སྒྲུབ་གཱ། ཡུལ་ཕྱོགས་ཐོན་རྫས་དང་དམིགས་བསལ་ཐོན་རྫས་ཉོས་ནས་ལག་རྟགས་སྤྲོད་པ། ཐ་མག་དང་ཨ་རག་ཉོས་ནས་གསོལ་སྟོན་སྣེ་ལེན་ཞུ་བ་བཅས་བྱས་པ་དང་། ལས་ཀའི་སྒྲིག་ཁྲིམས་ལས་འགལ་ཞིང་དབང་ཚད་ལས་བརྒལ་ནས་དངུལ་བུན་ཞིབ་མཆན་འགོད་པ་དང་། ཡིད་རྟོན་དངུལ་བུན་ཞིབ་མཆན་འགོད་པའི་འགག་སྒོ་ནན་པོ་སྲུང་མ་ཐུབ་པར་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཏེ། “དངུལ་མཛོད་ཆུང་བ”ཡུན་རིང་པོར་བཙུགས་ཤིང་སྤྱད། འཆལ་སྤྱོད་བྱས་པས་སྲིད་འཛིན་གྱི་ཆད་པ་བཅད། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་ཅིང་“དངུལ་མཛོད་ཆུང་བ”བཙན་གྱི་བཟུང་།
     ཝང་ཅུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་ཐོག་ཁྲིམས་འགལ་གྲུབ་པ་མ་ཟད། ལྐོག་ཟ་བྱས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》《རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་མི་སྣས་སྤྱོད་གཙང་ལས་སྒྲུབ་སྐོར་གྱི་གཏན་འབེབས་འགའ་ཞིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། ཝང་ཅུན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་དང་། དེའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། མགོ་ལོག་ཁུལ་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། དེའི་ཉེས་གསོག་དོགས་ཡོད་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད།