འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུལ་འདིར་ས་ཡོམ་རིམ་པ་3.9བྱུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་13ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡུལ་འདིར་ས་ཡོམ་རིམ་པ་3.9བྱུང་འདུག
    ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་12ཚེས་12ཉིན་གྱི་ཆུ་ཚོད་20དང་སྐར་མ་38ཐོག མཚོ་སྔོན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་དུ་ས་ཡོམ་རིམ་པ་3.9བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཟིན། ས་ཡོམ་གྱི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་34.41ཡིན་པ་དང་། ཤར་གྱི་གཞུང་ཐིག་ཏུའུ་93.55ཡིན་པ་རེད།