འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མངའ་རིས་ཀྱི་ཉི་གློག་ས་ཚིགས་འདིས་གློག་བདེ་བླག་ངང་གཏོང་ཐུབ་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་13ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མངའ་རིས་ཀྱི་ཉི་གློག་ས་ཚིགས་འདིས་གློག་བདེ་བླག་ངང་གཏོང་ཐུབ་ཡོད།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་ཀྲུང་ཀོང་ཧོ་མངའ་རིས་གངས་ལྗོངས་ས་མཐོའི་“ཐཱན་མེད་”འོད་གསོག་ཚ་གློག་དཔེ་སྟོན་རྣམ་གྲངས་ཀྱི་ཆན་ཧྥུའུ་110ཡི་གློག་གཏོང་གནོན་ཤུགས་ས་ཚིགས་ཀྱི་གློག་བདེ་བླག་ངང་གཏོང་ཐུབ་ཡོད་ཅིང་། དེས་རྣམ་གྲངས་དེར་ཁྱོན་ཡོངས་ནས་གློག་གཏོང་བའི་ཆ་རྐྱེན་ལྡན་པ་དང་། བོད་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུའི་མཁོ་སྤྲོད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་མཚོན་ཡོད། རྣམ་གྲངས་བསྐྲུན་རྗེས་ལོ་ལྟར་གློག་དྲར་ཆུ་ཚོའི་རེའི་ནང་ནུས་རྒྱུ་གཙང་མ་སྟོང་ཝ་ཁྲི་35795མཁོ་འདོན་ཐུབ་རེ་ཡོད་པས། ལོ་ལྟར་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་25.4ཉུང་དུ་འགྲོ་རྒྱུ་རེད།
   ཀྲུང་ཀོང་ཧོ་མངའ་རིས་གངས་ལྗོངས་ས་མཐོའི་“ཐཱན་མེད”འོད་གསོག་ཚ་གློག་དཔེ་སྟོན་རྣམ་གྲངས་དེ་སྒར་རྫོང་སེང་གེ་ཁའབབ་་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་ལྷོ་ངོས་སུ་གནས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ནང་ཀྲའོ་ཝ་100ཟིན་པའི་འོད་ཤུགས་གློག་ཁྲིད་ནུས་དང་ཀྲའོ་ཝ་50ཡི་འོད་ཤུགས་ཚུད་ཡོད། རྣམ་གྲངས་དེ་འགྲུབ་རྗེས།སྨི་གྲུ་བཞི་མ་ཁྲི་150ལ་དྭངས་གཙང་ཚ་དྲོད་མཁོ་འདོན་བྱེད་པའི་འགན་ལེན་བྱས་ནས། ས་གནས་དེ་གར་དྲོད་རླངས་མཁོ་འདོན་དང་གློག་ཤུགས་མཁོ་འདོན་ཐུབ་རྒྱུ་རེད། བརྗིད་ཆེ་བའི་ཉི་ནུས་འོད་ཤུགས་གྲམ་སྟངས་དང་འོད་དྲོད་གྲམ་སྟངས་དེ་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས། སྤྱི་དམངས་ནུས་རྒྱུ་གསར་པའི་གློག་གཏོང་ལག་རྩལ་ལ་ངོས་ཟིན་གསར་པ་ལྡན་པར་བྱེད་ཅིང་། ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།