འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕོ་བྲང་པོ་ཏ་ལར་མེ་སྐྱོན་ཉེན་འགོག་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕོ་བྲང་པོ་ཏ་ལར་མེ་སྐྱོན་ཉེན་འགོག་ལས་དོན་སྤེལ་བ།
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཕོ་བྲང་པོ་ཏ་ལའི་རི་འདབས་ཀྱི་རྩྭ་རའི་རྒྱུད་དུ་བརླན་འགྱུར་ལས་དོན་སྤེལ་བ་རེད། ད་རེས་བརླན་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་ཞིང་། དེའི་དམིགས་ཡུལ་ནི་དགུན་དུས་སུ་མེ་སྐྱོན་གྱི་རྐྱེན་ངན་ཆུང་དུ་གཏོང་བ་དང་། རྩྭ་སྐམ་པོ་བརླན་འགྱུར་བྱས་ནས། མེ་སྐྱོན་གྱི་ཉེན་ཁ་ཆུང་དུ་གཏོང་བ་བཅས་ཀྱི་ཆེད་དུ་རེད། ཕོ་བྲང་པོ་ཏ་ལ་ནི་ལྷ་སའི་དམར་པོ་རིར་ཆགས་ཤིང་། དེ་ནི་ལྷ་ས་དང་ཐ་ན་བོད་ཀྱི་ས་རྟགས་རང་བཞིན་གྱི་བཟོ་བཀོད་ཅིག་ཡིན་ལ། འཛམ་གླིང་དུ་ས་བབ་མཐོ་ཤོས་ཀྱི་ཕོ་བྲང་དང་། མཁར་རྫོང། གྲྭ་ཤག་བཅས་གཅིག་ཏུ་བསྡུས་པའི་བརྗིད་ཆེའི་བཟོ་བཀོད་ཅིག་ཀྱང་རེད།
【1】  【2】
༄༅།།ཕོ་བྲང་པོ་ཏ་ལར་མེ་སྐྱོན་ཉེན་འགོག་ལས་དོན་སྤེལ་བ།