འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་པ་བསྐོ་འཐེན་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་06ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཝུའུ་ཁྲའོ་ཧུའེ་ནི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས། ལིའུ་ཀྲེང་ནི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས། ཧྥུའུ་ཞུས་ཡིང་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པར་བསྐོས། ཝང་པུན་ཆང་ནི་རྩིས་བཤེར་སྤྱི་འདོམས་ཁང་གི་རྩིས་བཤེར་འགོ་འཛིན་གཞོན་པར་བསྐོས།
   ཀྲང་ཐའོ་ལིན་གྱི་ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་འཐེན། ཧྥན་དབྱི་ཧྥེའི་ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་གཞོན་པའི་གོ་གནས་འཐེན། ཝང་ཝུན་པིན་གྱི་རྩིས་བཤེར་སྤྱི་འདོམས་ཁང་གི་རྩིས་བཤེར་འགོ་འཛིན་གཞོན་པའི་གོ་གནས་འཐེན། ཝང་ཨན་ཧྲུན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་གོ་གནས་འཐེན། ཀྲའོ་ཀྲེང་ཕིང་གི་ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་འཐེན། ཝང་ཅན་ཅུན་གྱི་ཀྲུང་གོའི་རྒན་རྒོན་མཐུན་ཚོགས་ཀྱི་ཚོགས་གཙོའི་གོ་གནས་འཐེན། ཝུའུ་ཁྲའོ་ཧུའེ་ཡི་ཀྲེ་ཅང་སློབ་ཆེན་གྱི་སློབ་གཙོའི་གོ་གནས་འཐེན། ཏུའུ་ཞན་ཁང་གི་ཝུའུ་ཧན་སློབ་ཆེན་གྱི་སློབ་གཙོའི་གོ་གནས་འཐེན།