འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པེ་ཅིང་གི་རིམས་འགོག་ཕྱོགས་ཡོངས་ནས་གློད་རྒྱུ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཉེ་ཆར། དྲ་ཐོག་ནས་པེ་ཅིང་གྲོང་ཁྱེར་གྱིས“ཟླ་12ཚེས་4ཉིན་ནས་བཟུང་ཕྱོགས་ཡོངས་ནས་རིམས་འགོག་གློད་རྒྱུ”དང“སྤྱི་ཚོགས་ངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཚམས་འཇོག་བྱེད་པ”“བདེ་ཐང་ནོར་བུ་ཞིབ་བཤེར་བྱེད་མཚམས་འཇོག་པ”སོགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་རེད། གསར་འགོད་པས་པེ་ཅིང་གྲོང་ཁྱེར་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དྲ་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པའི་ནང་དོན་དེ་དག་དོན་དངོས་དང་མི་མཐུན་པ་རེད།
     པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་རིམས་ནད་གནས་ཚུལ་བརྟན་ཐོག་ཞི་ལྷོད་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་སྔར་བཞིན་ཚད་མཐོན་པོའི་ཐོག་ནས་འཁོར་སྐྱོད་བྱེད་པ་མ་ཟད་རིམས་ནད་མཆེད་རྒྱ་ཡང་ཆེ། དུག་སྡོང་གཙོ་བོ་BF.7གྱི་འགོས་ཁྱབ་ཆེ་བ་དང་སྦས་གསང་རང་བཞིན་ཆེ་བས་སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། པེ་ཅིང་གྲོང་ཁྱེར་གྱིས་པར་གཞི་དགུ་པའི་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་ལེགས་བཅོས་བྱེད་ཐབས་དོན་ཚན་ཉི་ཤུ་དོན་འཁྱོལ་ནན་ཏན་བྱས་ནས། རིམས་ནད་བྱུང་ཚུལ་ལ་གཞིགས་ཏེ། ཆུས་དང་རིམ་པ་་རིགས་སོ་སོར་དབྱེ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་བཅོས་བྱེད་པ་དང་། ཉིང་སྐྱུར་བརྟག་དཔྱད་དང་། གདགས་གཤིས་ཀྱི་རྗེས་འདེད་དང་། འབྲེལ་བ་དམ་ཟབ་བྱུང་མཁན་བརྡར་གཅོད། རིམས་བརྟག་དོ་དམ་ཚོད་འཛིན། བརྒྱུད་འདྲེན་ལོགས་བཀར་སོགས་ཀྱི་ལས་ཀ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་རྒྱུ་སྐུལ་འདེད་བཏང་ནས། རིམས་ནད་ཇེ་མང་དུ་འགྲོ་ཚུལ་བཀག་སྡོམ་ཧུར་ཐག་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་ཞབས་ཞུའི་འགན་སྲུང་ནུས་ཤུགས་གང་ཡོད་བཏོན་ནས་ལེགས་པར་བསྒྲུབ་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རིམས་འགོག་ལས་དོན་ལ་བསམ་ཤེས་དང་རམ་འདེགས། རྒྱབ་སྐྱོར་བཅས་བྱེད་པར་ཐུགས་རྗེ་ཆེ་ཞུ་ཞེས་བསྟན་ཡོད།