འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལམ་ཡིག་རྫུན་མ་འཁྱེར་བའི་མི་གཉིས་རྩད་ཆོད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། ཁྲེང་ཏུའུ་མཐའ་མཚམས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ས་ཚུགས་ཀྱིས་མོ་སི་ཁོ་ནས་ཁྲེང་ཏུའུ་བར་གྱི་ SU216དུས་གཏན་གནམ་གྲུའི་ལས་དོན་སྤེལ་སྐབས། ལམ་ཡིག་སྒྱུར་བཟོ་བྱས་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཡུལ་སྐོར་བ་གཉིས་རྩད་ཆོད་པ་རེད།
   ཉིན་དེའི་ཆུ་ཚོད་3པ་ཙམ་ལ། ས་ཚིགས་དེའི་མི་དམངས་ཉེན་རྟོག་པས་འགྲུལ་པ་ཤེ་ཆེ་གེ་མོ་དང་ཝུའུ་ཆེ་གེ་མོ་གཉིས་ལ་རྒྱལ་མཚམས་ནང་དུ་འཛུལ་བའི་འགྲོ་ལུགས་གཉེར་སྐབས། མི་གཉིས་ཀྱི་ལམ་ཡིག་ཐོག་ཀྲུང་གོའི་འགག་སྒོ་ག་གེ་མོ་ཞིག་གི་རྒྱལ་མཚམས་ནས་འགྲོ་འོང་ཞིབ་བཤེར་ཚར་བའི་ཐམ་ག་བཏབ་ཡོད་པ་དེ་རྫུན་མ་ཡིན་པའི་དོགས་པ་སྐྱེས་རྗེས་ཞིབ་དཔྱད་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། གོང་གི་ཞིབ་བཤེར་ཐམ་ག་ཚང་མ་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་བ་རེད། ཁོ་གཉིས་པོས་ཞིབ་བཤེར་ཐམ་ག་རྫུན་མ་དེ་ནི་2021ལོར་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་ནས་ཐོབ་པ་ཡིན་ཞིང་། དམིགས་ཡུལ་ནི་ས་མཚམས་ནས་འགྲོ་འོང་གི་ལམ་ཐིག་རྫུན་བཟོ་བྱས་ནས་ཨུ་རུ་སུར་གནས་སྡོད་ཆོག་པའི་ལག་ཁྱེར་གཡོ་ལེན་བྱ་ཆེད་ཡིན་ཞེས་ངོས་ལེན་ཞུས་པ་རེད།
   ཤེ་ཆེ་གེ་མོ་དང་ཝུའུ་ཆེ་གེ་མོ་གཉིས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་ཁྲེང་ཏུའུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས《རྒྱལ་ཁོངས་ལས་ཐོན་པ་དང་རྒྱལ་ཁོངས་སུ་ཡོང་བར་དོ་དམ་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མི་2ལ་ཁྲིམས་ལྟར་དངུལ་ཆད་སྒོར་2000བཅད་པ་མ་ཟད། སྒྱུར་བཟོ་བྱས་པའི་ལག་ཁྱེར་གཞུང་བཞེས་ཀྱང་བྱས་པ་རེད།