འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་ཉིད་ཨུ་རུ་སུའི་སྤྱི་དམངས་ལ་གྱུར་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཐ་སི་གསར་འགྱུར་ལས་ཁུངས་ནས་ཟླ་12པའི་ཚེས་2ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་འགོག་སྲུང་ལས་དོན་འགན་ལེན་ལས་ཁུངས་ཀྱི་དེ་སྔའི་ལས་མི་ཨའེ་ཏེ་ཧྭ·སི་ནུའོ་ཏེང་གིས་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས་པའི་དམ་བཅའ་བཞག་པ་མ་ཟད། ཨུ་རུ་སུའི་ལམ་ཡིག་ཐོབ་ནས་དངོས་སུ་ཨུ་རུ་སུའི་སྤྱི་དམངས་ལ་གྱུར་ཡོད། 
     2013ལོར། སི་ནུའོ་ཏེང་གིས་སྨྱན་སྦྱོར་བརྒྱུད་དེ་ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་ཁ་པར་ལ་ལྐོག་ཉན་དང་དྲ་བར་ལྐོག་ལྟ་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཨ་རིའི་སྲིད་གཞུང་གིས་གསང་མྱུལ་གྱི་ནག་ཉེས་དང་། རྐུན་མའི་ནག་ཉེས། དབང་ཆ་མ་ཐོབ་པར་རྒྱལ་སྲུང་ཆ་འཕྲིན་དང་གསང་འཕྲིན་ཕྱིར་གྱར་བྱས་པ་བཅས་ཀྱི་ཉེས་མིང་ཐོག་ནས་སི་ནུའོ་ཏེང་འཛིན་བཟུང་གི་བཀའ་རྒྱ་བཏང་བ་རེད། དེའི་རྗེས་སུ་སི་ནུའོ་ཏེང་ལ་ཨུ་རུ་སུར་ཉེན་གཡོལ་བྱེད་པའི་ཆོག་མཆན་ཐོབ་ནས་ཨུ་རུ་སུར་ལོ་མང་བསྡད། 2020ལོའི་ཟླ་11པར། སི་ནུའོ་ཏེང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས་པའི་རེ་ཞུ་བྱ་རྒྱུ་ཡིན་པ་བསྒྲགས། ད་ལོའི་ཟླ་9པའི་ཚེས་26ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས། ཨའེ་ཏེ་ཧྭ·སི་ནུའོ་ཏེང་ཚུད་པའི་མི་མང་པོར་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།