འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་12ནས་བཟུང་སྒྲིག་སྲོལ་འདི་དག་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ།
     ཁ་པར་གྱི་བྱང་བུ་དང་དངུལ་ཁང་གི་ཐོ་ཨང་གྲངས་ཚད་ལས་བརྒལ་ཏེ་སྒྲུབ་མི་ཆོག
     《གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། བཅའ་ཁྲིམས་ནང་ཁ་པར་བྱང་བུ་སྒྲུབ་པ་དང་དངུལ་ཁང་གི་ཐོ་ཨང་བཟོ་བ། ཐོ་ཨང་ནང་དངུལ་གཏོང་སྤྲོད་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ཚོད་འཛིན་གྲངས་འབོར་ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན་ཡོད། 
     བྱས་རྗེས་རླབས་ཆེན་བཞག་པའི་དམག་དཔོན་དང་། དམག་མི་རྣམས་ལུས་ཁམས་བདེ་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ།
     གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་ལུས་ཁམས་བདེ་སྲུང་ལས་ཀའི་གནས་སྐབས་ལག་བསྟར་བྱ་རྒྱུའི་གཏན་འབེབས》ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། 《གཏན་འབེབས》ནང་དམག་གྲབས་དམག་འཐབ་ལ་ཞབས་འདེགས་ཞུ་བ་དང་གཟི་བརྗིད་ཀྱི་མཚན་སྙན་གོང་བཀུར་མཚོན་པར་བྱས་ཏེ། བྱས་རྗེས་མཚན་སྙན་དང་དམག་འཐབ་བྱས་རྗེས་བྱ་དགའ་ཐོབ་པ་སོགས་བྱས་རྗེས་རླབས་ཆེན་བཞག་པའི་དམག་དཔོན་དང་དམག་མི་རྣམས་ལུས་ཁམས་བདེ་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན།
     སྨན་རྫས་དྲ་ཐོག་ཏུ་བཙོང་བར་དངོས་མིང་ལམ་ལུགས་ལག་བསྟར་བྱེད་པ།
     《སྨན་རྫས་དྲ་ཐོག་ཕྱིར་ཚོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་ཏེ། སྦྲིད་སྨན་དང་སེམས་ཁམས་བཅོས་བྱེད་སྨན་རྫས་སོགས་རྒྱལ་ཁབ་ཀྱིས་དམིགས་བསལ་དོ་དམ་ལག་ལེན་བསྟར་བའི་སྨན་རྫས་དྲ་ཐོག་ཏུ་བྲིན་ཚོང་བྱེད་མི་ཆོག་པ་ཁ་གསལ་བཟོས་ནས། སྨན་རྫས་དྲ་ཐོག་ཏུ་བཙོང་བར་རང་མིང་ངོ་མ་འགོད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད། 
     སྐྲན་འགོག་སྨན་དེ་བས་མང་བ་དང་། མཐོང་དཀོན་པའི་ནད་ཀྱི་སྨན་ལ་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག
     ནོར་སྲིད་པུའུ་སོགས་སྡེ་ཁག་བཞིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས། ཟླ་12ཚེས་1ཉིན་ནས་བཟུང་སྐྲན་འགོག་སྨན་རྫས་ཀྱི་སྨན་རྫས་ལས་སྣོན་དང་མ་བཅོས་རྒྱུ་ཆ་སྨན་རྫས་51དང་། མཐོང་དཀོན་པའི་ནད་ཀྱི་སྨན་རྫས་ཀྱི་སྨན་རྫས་ལས་སྣོན་དང་མ་བཅོས་རྒྱུ་ཆ་སྨན་རྫས་20བཅས་ལ་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག 
     སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་བྱེད་སྒོ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
     གསར་དུ་བཟོ་བཅོས་བརྒྱབ་པའི《སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་དོ་དམ་བྱ་ཐབས》ཟླ་12ཚེས་1ཉིན་ནས་ལག་བསྟར་བྱས་ཏེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་ནས་ནང་འདྲེན་བྱས་པའི་ཕྱུགས་རིགས་ཐོན་རྗེས། ལོགས་སུ་འཇོག་སའམ་ཡང་ན་གསོ་ཚགས་ར་བའི་ནང་གི་ལོགས་སུ་བཀར་སར་བཞག་ནས་ལྟ་ཞིབ་བྱེད་དགོས་པ་དང་། ལོགས་སུ་འཇོག་ཡུན་ནི་ཉིན་སུམ་ཅུ་ཡིན།
     ལྕགས་ལམ་གྱི་དངོས་ཟོག་ཉེན་ཁ་ཅན་སྐྱེལ་འདྲེན་བྱེད་པའི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།
     གསར་དུ་བཟོ་བཅོས་བརྒྱབ་པའི《ལྕགས་ལམ་གྱི་ཉེན་ཡོད་དངོས་ཟོག་སྐྱེལ་འདྲེན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་གཏན་འབེབས》ཟླ་12ཚེས་1ཉིན་ནས་ལག་བསྟར་བྱས་ཏེ། ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས། བདེ་འཇགས་སྐྱེལ་འདྲེན་གྱི་ཆ་རྐྱེན་གསལ་པོ་ཤེས་མེད་པའི་ཐོན་རྫས་གསར་པའི་མིང་དང་། ཐུམ་སྒྲིལ་གསར་པ་སོགས་ཀྱི་ཉེན་ཡོད་དངོས་ཟོག་དབོར་འདྲེན་ཚོད་ལྟ་བྱས་ཏེ། སྐྱེལ་འདྲེན་གྱི་ཉེན་ཁ་དོགས་ཟོན་དང་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ཡུན་རིང་ལས་སྒོ་མི་སྤེལ་བའི་ཚོང་རྟགས་ལས་ཚབ་ལས་ཁུངས་གཙང་བཤེར་བྱེད་དགོས། 
     《ཚོང་རྟགས་ལས་ཚབ་ཀྱི་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འབེབས》ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་།《གཏན་འབེབས》ནང་ཚོང་རྟགས་ལས་ཚབ་སྒྲིག་གཞིའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཐོ་འགོད་འགྲོ་ལུགས་གཉེར་བ་བརྒྱུད་ཡུན་རིང་ལས་སྒོ་མི་གཉེར་བ་དང་ལས་རིགས་ཐོན་ཁུངས་སྟོང་བཟུང་བྱེད་མཁན་གྱི་ལས་ཚབ་སྒྲིག་གཞིར་གཙང་བཤེར་བྱ་རྒྱུ་རེད།
     སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་སྐད་ཀྱི་ཆུ་ཚད་རིམ་པ་6ལ་དབྱེ་ཡོད།
     《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་སྐད་ཆུ་ཚད་ཀྱི་ཚད་རིམ་རྒྱུགས་གཞིའི་ཚད་གཞི་དང་རྒྱུགས་གཞིའི་རྩ་གནད》དེ་ཟླ་12ཚེས་15ཉིན་ནས་བཟུང་ཚོད་ལྟ་བྱ་རྒྱུ་རེད། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་སྐད་ཀྱི་ཆུ་ཚད་དེ་ཚད་རིམ་6ཏུ་བགོས་ཡོད་པས། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཆུང་ལོ་རིམ་ལྔ་པ་དང་དེའི་ཡན་གྱི་སློབ་མའི་སྤྱི་སྐད་ཆུ་ཚད་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་ཚད་ལེན་བྱེད་པར་སྤྱོད་རྒྱུ་རེད།