འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཛམ་གླིང་གི་མཚོ་བརྒལ་ལྕགས་ལམ་གྱི་ཟམ་པ་རིང་ཤོས་སྐྲུན་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། ཐུང་སུའུ་ཅ་ཡུང་མྱུར་བགྲོད་ལྕགས་ལམ་གྱི་ཀྲེ་ཅང་དུམ་བུ་ལས་འགོ་ཚུགས་པའི་མཛད་སྒོ་གཉེར་བ་ལས། འཛམ་གླིང་གི་རྒྱ་མཚོ་བརྒལ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པ་རིང་ཤོས་ཏེ་ཧང་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ལྕགས་ལམ་ཟམ་ཆེན་དངོས་སུ་བསྐྲུན་འགོ་ཚུགས་པ་མཚོན་པ་དང་། ཁྱོན་ཡོངས་ཀྱི་འཆར་འགོད་ལས་ཡུན་ལོ་5རེད།
   ལྕགས་ལམ་ཧྲིལ་པོར་ཚོད་འཛིན་བྱེད་པའི་ལས་གྲྭ་ཧྲིལ་པོར་ཧང་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ལྕགས་ལམ་ཟམ་ཆེན་གྱི་རིང་ཚད་སྤྱི་ལེ་29.2ཙམ་ཡོད་ཅིང་། དེ་ནི་འཛམ་གླིང་ཐོག་རིང་ཤོས་དང་།འཛུགས་སྐྲུན་གྱི་ཚད་གཞི་མཐོ་ཤོས་ཀྱི་རྒྱ་མཚོ་བརྒལ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཟམ་ཆེན་ཞིག་ཡིན།
    རྒྱལ་ཁབ་ཀྱི་“འཕྲེད་བརྒྱད་གཞུང་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་ཁྲོད་ཀྱི་མཚོ་རྒྱུད་ལྕགས་ལམ་གྱི་འགྲུལ་སྐྱེལ་བགྲོད་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས། ཐུང་སུའུ་ཅ་ཡུང་མྱུར་བགྲོད་ལྕགས་ལམ་བསྐྲུན་རྗེས་ས་ཁོངས་ཀྱི་ལམ་དྲའི་ཞན་ཆ་གསབ་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ཁྱབ་ཚུལ་ལེགས་སུ་གཏོང་བ། ཅང་སུའུ་ཝུའུ་ཞི་ཁྲང་ཀྲོའུ་བཅས་ས་ཁུལ་དང་ཧང་ཀྲོའུ་གྲོང་ཁྱེར་མུ་འཁྱུད་དང་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ནས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྤུས་ཚད་མཐོ་པའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།