འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྔོན་འགོག་དང་ཚོད་འཛིན་ཇུས་གཞི་དཔར་གཞི་དགུ་པ་དང་ལེགས་གཏོང་བྱ་ཐབས་ཉི་ཤུའི་སྐོར་གྱི་དྲི་བ་དྲིས་ལན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ལེགས་གཏོང་བྱ་ཐབས་ཉི་ཤུ་དང་། ཉེན་ཁའི་ཁུལ་དབྱེ་འབྱེད། དེ་བཞིན་དོ་དམ་ཚོད་འཛིན་གྱི་ཇུས་གཞི་སོགས་ལག་རྩལ་རང་བཞིན་གྱི་ཡིག་ཆ་བཞི་ཁྱབ་བསྒྲགས་བྱས་པར་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད།
    མིག་སྔར། རང་རྒྱལ་གྱི་རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། སྔོན་འགོག་དང་ཚོད་འཛིན་ཇུས་གཞི་དཔར་གཞི་དགུ་པ་དང་། ལེགས་གཏོང་བྱ་ཐབས་ཉི་ཤུ། ལག་རྩལ་རང་བཞིན་གྱི་ཡིག་ཆ་བཞི་བཅས་དོན་འཁྱོལ་ཡག་པོ་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། དེ་བས་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་བྱ་ཐབས་ཇི་ལྟར་སྤྱད་ནས་མགྱོགས་མྱུར་རིམས་ནད་ཚོད་འཛིན་ཐུབ་པ་བྱེད་དགོས་སམ། སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དབང་གྲགས་ལྡན་པའི་ལན་བསྐྱོན་ཞིང་། གཙོ་བོ་གཤམ་གསལ་སྟེ།
    1.དྲི་བ། ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ནམ། ཞིབ་ཕྲའི་ཐེངས་གྲངས་ཀྱི་ཆ་རྐྱེན་ཡོད་དམ། ཁྱིམ་སྡོད་བགྲེས་སོང་དང་ཕྲུ་གུ་སོགས་ལ་ཉིང་སྐྱུར་བརྟག་དཔྱད་ཉུང་ཙམ་བྱས་ན་ཆོག་གམ།
    ལན། ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་བརྟག་དཔྱད་བྱ་རྒྱུ་ནི་འགག་རྩ་ཞིག་རེད། ཉིང་སྐྱུར་བརྟག་དཔྱད་དེའང་གནས་ཚུལ་མི་འདྲ་བར་གཞིགས་ཏེ་དུས་བསྟུན་གནད་སྨིན་བྱེད་དགོས་པ་ལས། ཇི་ཙམ་གྱིས་མང་བ་བྱས་ན་དེ་ཙམ་གྱིས་ཡག་པོ་ཡོད་པ་ཞིག་མིན།
    དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཚད་གཞིའི་བླང་བྱར་གཞིགས་ན། སྔོན་འགོག་དང་ཚོད་འཛིན་ཇུས་གཞི་དཔར་གཞི་དགུ་པ་དང་ལེགས་གཏོང་བྱ་ཐབས་ཉི་ཤུ་གཞིར་བཟུང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་མི་འབོར་ཁྲི་སྟོང་ཡན་ཟིན་པའི་གྲོང་ཁྱེར་ལ་རིམས་ནད་ཐོན་རྗེས། རིམས་དཔྱད་བརྡར་གཅོད་བྱས་པ་བརྒྱུད་རིམས་ནད་མཆེད་ཁུངས་ཁ་མི་གསལ་བ་དང་། ཉེན་ཁའི་ཁུལ་དང་ཉེན་ཁ་ཡོད་མཁན་མང་བ། ཉེན་ཁ་ཡོད་མཁན་འགྲོ་སྐྱོད་བྱེད་མང་བ། རིམས་ནད་མཆེད་ཉེན་ཆེ་བ་བཅས་ཀྱི་གནས་ཚུལ་ཐོན་སྐབས། རིམས་ནད་ཐོན་ཡུལ་གྱིས་ཉིན་ལྟར་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་བསྟུད་མར་ཐེངས་གསུམ་བྱས་རྗེས་སྤྱི་ཚོགས་ཐོག་ནད་དུག་འགོས་པའི་ནད་པ་གསར་དུ་ཐོན་མེད་ཚེ། བར་ཐག་ཉིན་3བཞག་ནས་སླར་ཡང་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པ་དང་། གལ་ཏེ་དེའི་ནང་སྤྱི་ཚོགས་ཐོག་ནད་དུག་འགོས་པའི་ནད་པ་གསར་དུ་ཐོན་མེད་ཚེ་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་མཚམས་བཞག་ན་ཆོག
    དེ་དང་ཆབས་ཅིག རིམས་ནད་ཐོན་མེད་པའི་ཁུལ་གྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་ཁོངས་རྒྱ་ཆེ་རུ་གཏོང་མི་ཆོག་ལ། སྤྱིར་ན་སྲིད་འཛིན་ས་ཁོངས་ལྟར་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཀྱང་བྱེད་མི་ཆོག
     2.དྲི་བ། བླང་བྱ་ལྟར་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་རིང་ཕྱིར་ཚལ་ཉོ་བར་འགྲོ་ཆོག་གམ།
     ལན། བླང་བྱ་ལྟར་ན། དགོས་པ་མེད་ཚེ་ཕྱིར་འགྲོ་ཆོག་གི་མེད། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་དེ་ཚད་གཞི་ངེས་ཅན་ཐོག་ནས་བཤད་ན་ཁྱིམ་སྡོད་ལོགས་བཀར་དང་མཚུངས་མོད། འོན་ཀྱང་སྨན་པ་བསྟེན་པ་དང་ཉིང་སྐྱུར་བརྟག་དཔྱད་བྱེད་པ་སོགས་དམིགས་བསལ་གྱི་དགོས་མཁོ་ཡོད་ཚེ། བདེ་འཇགས་འགོག་སྲུང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་ཚད་བཀག་ཡོད་པའི་ངང་ཕྱིར་འགྲོ་ཆོག
    《ཏོག་གསར་གློ་ཚད་རིམས་ནད་ཀྱི་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་སྟོན》གཞིར་བཟུང་། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་རིང་དགོས་པ་མེད་ཚེ་ཕྱིར་མི་འགྲོ་བ་དང་། གལ་ཏེ་སྨན་པ་བསྟེན་པ་སོགས་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་ངེས་པར་དུ་ཕྱིར་འགྲོ་དགོས་ཚེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། N95/KN95ཕྲ་རྡུལ་འགོག་སྲུང་ཁ་རས་ཚད་ལྡན་ངང་རྒྱག་པ། གང་ཐུབ་ཀྱིས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་མི་སྡོད་པ་བཅས་བྱེད་དགོས།
    དེ་དང་ཆབས་ཅིག ཁྲོམ་གཞུང(གྲོང་རྡལ)དང་སྡེ་ཁུལ(གྲོང་ཚོ)གྱི་ལས་དོན་མི་སྣས་གཞིས་སྲུང་ཁེར་སྡོད་རྒན་རྒོན་དང་། རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་ནད་པ། སྦྲུམ་མ། ཟུངས་ཁྲག་བསིང་བཅོས་བྱེད་དགོས་པའི་ནད་པ་སོགས་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པའི་དམིགས་བསལ་མི་སྣའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་རྩིས་ཐོ་བཟོས་ཏེ། དགོས་ངེས་ཀྱི་འཚོ་བའི་འགན་ལེན་དང་གཅེས་སྐྱོང་ཞབས་འདེགས་ཡག་པོ་ཞུ་དགོས།
    དེར་བརྟེན། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་རིང་ཕྱིར་ཚལ་ཉོ་བར་འགྲོ་ཆོག་གི་མེད། འོན་ཀྱང་ས་གནས་ཁག་དང་སྡེ་ཁུལ་ཁག་གིས་དངོས་ཟོག་མཁོ་སྤྲོད་འགན་ལེན་ཧུར་ཐག་བྱེད་དགོས།
    3.དྲི་བ། ཁུལ་ཆུང་དུ་གདགས་གཤིས་ཐོན་ཚེ་ཐོན་སའི་ཐོག་ཁང་ངམ་ཡང་ན་ཁུལ་ཆུང་ཧྲིལ་པོ་གང་ཞིག་བཀག་སྡོམ་བྱེད་དགོས་སམ། བཀག་སྡོམ་ཚོད་འཛིན་གྱི་ཞིབ་ཕྲའི་ཚད་གཞི་གང་རེད་དམ།
     ལན། སྤྱིར་ན་ཁང་ཚན་དང་ཐོག་ཁང་ཚན་པར་བྱས་ནས་དབྱེ་དགོས་མོད། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་འོག་ཡུལ་དངོས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཆེད་ལས་ཀྱི་རིམས་འགོག་བརྡར་གཅོད་བྱས་པ་བརྒྱུད་དབྱེ་བ་འབྱེད་རྒྱ་ཆེ་རུ་འོས་འཚམ་གཏོང་ཆོག
   《ཏོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁའི་ཁུལ་དབྱེ་འབྱེད་དང་དོ་དམ་ཚོད་འཛིན་ཇུས་གཞིའི》ནང་། ནད་དཔེ་དང་ནད་རྟགས་མེད་པའི་ནད་པ་གནས་སའི་རྫོང(གྲོང་ཁྱེར་དང་། ཆུས། ཆི་བཅས)དག་གནད་ལ་འཁེལ་པོས་ཉེན་ཁ་ཆེ་བའི་ཁུལ་དང་ཉེན་ཁ་ཆུང་བའི་ཁུལ་གཉིས་སུ་དབྱེ་དགོས་ཞེས་ཁ་གསལ་བཏོན་ཡོད།
    དེའི་ནང་ནས་རྩ་དོན་ཐོག་ནད་པ་སྡོད་གནས་དང་། དེ་བཞིན་འགྲོ་སྐྱོད་མང་པོ་བྱེད་ས་ཡིན་ལ་རིམས་ནད་མཆེད་ཉེན་ཅུང་ཆེ་བའི་ལས་ཀ་བྱེད་ས་དང་འགྲོ་སྐྱོད་བྱེད་ས་སོགས་ཉེན་ཁ་ཆེ་བའི་ཁུལ་དུ་འཇོག་དགོས། ཉེན་ཁ་ཆེ་བའི་ཁུལ་ནི་སྤྱིར་ན་ཁང་ཚན་དང་ཐོག་ཁང་ཚན་པར་བྱས་ནས་འཇོག་དགོས། རིམས་ནད་མཆེད་ཉེན་ཁ་གསལ་མེད་པའམ་ཡང་ན་སྡེ་ཁུལ་དུ་མཆེད་རྒྱ་ཆེ་བའི་གནས་ཚུལ་འོག་ཉེན་ཁ་ཆེ་བའི་ཁུལ་དབྱེ་རྒྱ་ཆེ་རུ་འོས་འཚམ་གཏོང་ཆོག་གི་ཡོད།
    ཉེན་ཁ་ཆེ་བའི་ཁུལ་དང་ཉེན་ཁ་ཆུང་བའི་ཁུལ་དབྱེ་སྐབས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་རིམས་ནད་མཆེད་ཉེན་ཆེ་ཆུང་ལ་གཞིགས་ནས་དབྱེ་དགོས་པ་དང་། ཞིང་ཆེན་རིམ་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ(འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའུ)གྱིས་ཆེད་ལས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།