འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧྥེ་གླིང་གི་ས་ཁུལ་འགར་སྔར་བྱུང་མྱོང་མེད་པའི་ཐན་སྐྱོན་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་ཟླ་11པའི་ཚེས་29ཉིན། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་ཨ་ཧྥེ་རི་ཁ་གླིང་གི་ས་ཁུལ་འགར་སྔར་བྱུང་མྱོང་མེད་པའི་ཐན་སྐྱོན་བྱུང་བས་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་ཨ་ཧྥེ་རི་ཁ་གླིང་གི་ཟུར་དུ་ཐན་པ་བསྟན་པའི་གནས་ཚུལ་སྤེལ་སྐབས། ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཀྱི་གནམ་གཤིས་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པའི་དབང་གིས་ཐན་སྐྱོན་གྱི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་ཅེས་བསྟན་ཡོད། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་རྒྱུན་མཐུད་ཐན་སྐྱོན་གྱི་ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅེས་བཤད་ཡོད།
     ཨ་ཧྥེ་རི་ཁ་གླིང་ཁོངས་སུ་ཉུང་མཐར་ཡང་མི་ཁྲི་3640ལ་2022ལོའི་ལོ་མཇུག་བར་ཐན་སྐྱོན་ཚབས་ཆེན་ཕོག་རྒྱུ་རེད།