འཚོལ་བཤེར།   
藏文频道
2022ལོའི་ཟླ་11ཚེས་30ཉིན།

༄༅།།གཞིས་ཀ་རྩེ་ཡི་འགོ་ཁྲིད་འདི་འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། རྫོང་དཔོན་གཞོན་པ། རིམ་པ་གཉིས་པའི་བརྟག་ཞིབ་པ་བསོད་རྡོར་གྱིས་ལྐོག་ཟ་དང་། གཞུང་དངུལ་སྒེར་སྤྱོད། ལྐོག་རྔན་བླངས་པ་བཅས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད་པ་རེད། ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟ་དང་གཞུང་དངུལ་སྒེར་སྤྱོད། ལྐོག་རྔན་བླངས་པ་བཅས་ཀྱི་ཉེས་བསགས་དོགས་ཡོད་ཐོག་ནས་བསོད་རྡོར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད།