འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་རྒྱལ་ཁབ་འདིར་ཨ་སྒོར་དུང་ཕྱུར་3.23རེ་བའི་མཚོན་ཆ་བཙོངས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་28ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྥིན་ལན་ལ་ཨ་སྒོར་དུང་ཕྱུར་3.23རེ་བའི་དམག་དོན་མཚོན་ཆ་བཙོང་རྒྱུའི་ཆོག་མཆན་བཀོད་པ་རེད།
   གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་བསྒྲགས་ནང་འབྲེལ་ཡོད་དམག་དོན་གྱི་སྒྲིག་ཆས་ཆ་ཚང་དང་གསོ་སྦྱོང་གི་རྒྱབ་སྐྱོར་ཕུད། ད་དུང་ལེ་ཧྲེན་ཀུང་སིས་བཟོས་པའི་འཐབ་རྩལ་འཕུར་མདའ་40དང་མཉམ་འབྲེལ་འགོག་སྲུང་ཁུལ་ཕྱིའི་འཕུར་མདེལ་48ཕྱིར་ཚོང་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་ཅེས་འཁོད་ཡོད་པ་རེད།
   ཨ་རིའི་རྒྱལ་དོན་ཁང་གིས“བློས་འགེལ་ཆོག་པའི་རོགས་ཟླའི་བདེ་འཇགས་ཆེ་རུ་བཏང་བ་བརྒྱུད་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ནི་ཡོ་རོབ་ཀྱི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་ཡར་ཐོན་རྒྱུན་འཁྱོངས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པ”བསྟན།
   ཤེས་རྟོགས་བྱུང་བར་གཞིགས་ན།ཧྥིན་ལན་གྱིས་མཚོན་ཆ་དེ་དག་དམག་འཐབ་གནམ་གྲུ་རུ་ཁག་ནང་སྤྱད་ནས་དེའི་མཁའ་ཐོག་དང་ས་སྟེང་ལ་ཁ་གཏད་གཅོག་པའི་གོ་མཚོན་གྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་རྩིས་ཡོད་པ་རེད།
ཨ་རི་སྲིད་གཞུང་གིས་ད་ལོར་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་རིན་གོང་མཐོ་བའི་མཚོན་ཆ་རིགས་མང་པོ་བཙོང་རྒྱུར་ཆོག་མཆན་བཀོད་པ་དང་།བྱང་ཆིངས་རྩ་འཛུགས་ཀྱི་ཤར་གཤོག་གི་འགོག་སྲུང་ནུས་པ་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།ཟླ་2པར།ཨ་རིས་པོ་ལན་ལ་ཨ་སྒོར་དུང་ཕྱུར་60རི་བའི་ཐན་ཁེ་དང་མཚོན་ཆ་གཞན་དག་བཙོངས་ཡོད།ཟླ་7པར་ཨ་རིས་ཨེ་སོ་ནི་ཡར་ཨ་སྒོར་དུང་ཕྱུར་5རི་བའི་མཚོན་ཆ་བཙོངས་པའི་ནང་།སྐབས་བསྟུན་རང་བཞིན་ཆེ་བའི་མེ་སྒྱོགས་དང་མེ་ཤུགས་འཕུར་མདའི་མ་ལག་ཚུད་ཡོད།