འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕུའུ་ཅིང་གིས་གསལ་བསྒྲགས་གསར་ཤོས་དེར་མིང་རྟགས་བཀོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་ཟླ་11ཚེས་28ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་ཡིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ《ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དང་ཧ་སག་སི་ཐན་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་རེད། ཁེ་ལི་མུ་ལིན་ཕོ་བྲང་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་ཡིག་ཆའི་ཐོག་ནས་མངོན་པར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་ཡུལ་ནི་ཉིང་རྡུལ་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་མཁན་ཡོད་མི་སྲིད་པ་དང་ཉིང་རྡུལ་དམག་འཁྲུག་ནམ་ཡང་སློང་མི་སྲིད་པ་དེ་རེད།