འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་དམག་གྲུ་ཀྲུང་གོའི་ས་ཆ་འདིར་འཛུལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་ཏ་ཞའོ་དམག་དཔོན་ཐེན་ཅུན་ལི་ཡིས།ཟླ་11ཚེས་29ཉིན།ཨ་རིའི“ཆན་སི་ལོ་ཝེར”རྟགས་ཅན་གྱི་འཕུར་མདེལ་མཚོ་ཐོག་སྐོར་གཡེང་དམག་གྲུས་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ་བ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་ཀྱི་འཐབ་ཁུལ་དུ་མཚོ་ཐོག་དང་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་རྗེས་འདེད་ལྟ་ཞིབ་བྱས་པ་དང་འབྲེལ་ཐ་ཚིག་བསྒྲགས་ནས་ཕྱིར་འབུད་བྱས་པ་རེད།ཨ་དམག་གི་བྱ་སྤྱོད་ཀྱིས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་བཙན་གནོད་ཚབས་ཆེན་བྱས་པ་དེ་ནི་དེས་མཚོ་འགྲུལ་བཙན་དབང་དང་།ལྷོ་རྒྱ་མཚོ་དམག་དོན་ཅན་བཟོ་བའི་དཔང་རྟགས་ཁུངས་བཙན་ཞིག་ཡིན་ཞིང་།དེས་ཨ་རི་ནི་ལྷོ་རྒྱ་མཚོའི་བདེ་འཇགས་ཉེན་ཁ་ངོ་མ་བཟོ་མཁན་ཞིག་ཡིན་པ་གསལ་བཤད་གང་ལེགས་ཐུབ།ཀྲུང་གོར་ལྷོ་རྒྱ་མཚོའི་གླིང་ཚོམ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ལ་བདག་དབང་བསྙོན་མེད་དེ་ཡོད་པ་དང་།འཐབ་ཁུལ་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས།རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྟན།