འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་ནས་མི་630འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། སྤྱི་བདེ་པུའི་སྒྲིག་འཛུགས་བཀོད་འདོམས་འོགཡུན་ནན་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཡུན་ཟླ་བ་བརྒྱད་ལྷག་ཙམ་སྤྱད་ནས་རྒྱལ་ཡོངས་ཀྱི་ཁོངས་མིང་ནག་ཚོགས་ཀྱིས་ནག་ཉེས་བསགས་པའི་གྱོད་གཞི་ཐོག་མ་དེ་རྩད་ཆོད་པ་དང་། རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱི་ཐུན་མོང་འབད་འཐབ་འོག་གྱོད་གཞི་300རྩད་ཆོད་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་680འཛིན་བཟུང་བྱས་པ་རེད། ཉེ་ཆར། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཞི་ཧྲན་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེར་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པར། སྒྲིག་འགལ་ངང་ཁོངས་མིང་ཕྱིར་ཚོང་བྱེད་མཁན་དྲ་རྒྱའི་ཚན་རྩལ་ཀུང་སིར་དངུལ་ཆད་སྒོར་ཁྲི་200བཅད་པ་དང་། ལི་ཆེ་གེ་མོ་དང་ཧོའེ་ཆེ་གེ་མོ་སོགས་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་གཙོ་བོ་སོ་སོར་ལོ་གཅིག་ནས་གཉིས་བར་གྱི་དུས་བཙོན་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་ཆབས་སྦྲགས་སུ་བཅད་ཡོད།
   2021ལོའི་ཟླ་5ཚེས་13ཉིན། ཁུན་མིང་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁའི་ངང་མངའ་ཁོངས་ཕྱི་རོལ་གྱི“འཆལ་རྒྱན་གཡོ”གསུམ་གྱི་དྲ་ཚིགས་དང་Appལ“ཁོངས་མིང་བཀག་འགོག”ཞབས་ཞུ་མཁོ་འདོན་བྱེད་པའི་དྲ་རྒྱའི་ནག་ཚོགས་ཉེས་གསོག་ཚོགས་པ་མེད་པ་བཟོས་ནས། མཁའ་ཁོངས་ཕྱི་རོལ་གྱི“འཆལ་རྒྱན་གཡོ”གསུམ་གྱི་དྲ་ཚིགས་བརྒྱུད་ནས“ཁོངས་མིང་བཀག་འགོག”ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་རིགས་2400ལྷག་ཙམ་རྩད་ཆོད་ཡོད། བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད། ཉེས་གསོག་ཚོགས་པ་གཉིས་ཀྱིས་སྤྱོད་པའི་ཁོངས་མིང་ཚང་མའི་ཡོང་ཁུངས་ནི་ཞིང་ཆེན་ཕྱིའི་དྲ་རྒྱའི་ཚན་རྩལ་ཀུང་སི་ཞིག་ནས་ཡིན་པ་ཤེས་རྟོགས་བྱུང་བ་རེད།
   གྱོད་གཞི་འདི་སྤྱི་བདེ་པུས་སྐུལ་སྒྲུབ་བྱེད་པའི་གྱོད་གཞིའི་ཁོངས་སུ་བཞག་ཡོད། 2021ལོའི་ཟླ་11པར་གྱོད་གཞི་སྒྲུབ་མཁན་ཡུན་ནན་ཞིང་ཆེན་གྱི་ཕྱི་རོལ་དང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་དང་རྒྱབ་སྐྱོར་ཤུགས་ཆེན་འོགདྲ་རྒྱའི་ཚན་རྩལ་ཀུང་སི་དེར་འཛིན་བཟུང་ལས་དོན་སྤེལ་ནས་ལི་ཆེ་གེ་མོ་དང་ཧོའེ་ཆེ་གེ་མོ་སོགས་ཀྱིས་གཙོས་པའི་ཉེས་གསོག་དོགས་ཅན་29འཛིན་བཟུང་བྱས་པ་དང་། ཁྲིམས་འགལ་ངང་ཁོངས་མིང་ཁྲི་400ལྷག་ཙམ་ཕྱིར་ཚོང་བྱས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་ཚིགས་ཐོག་སྤྱོད་པའི་ཁོངས་མིང་ཁྲི་94ཞིབ་བཤེར་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཀག་འཇོག་བྱས་ཡོད།
   སྤྱི་བདེ་པུས་འདི་ལོའི་ཟླ་3པར་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་དུ་ཡན་ལག་བཀོད་འདོམས་པུའུ་བཙུགས་ནས།གོང་གསལ་གྱོད་གཞི་དང་འབྲེལ་བའི་ཁོངས་མིང་ནག་ཚོགས་ཉེས་གསོག་གི་ཁུངས་སྣེ་རྩད་ཞིབ་ཐད་རྒྱལ་ཡོངས་མཉམ་འཐབ་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།