འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉི་ཧྲན་འཛམ་གླིང་རུའུ་ལུགས་ལྟེ་གནས་ཀྱི་ཕྱི་རྒྱལ་ཡན་ལག་ལྟེ་གནས་ཁག་དང་པོ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉི་ཧྲན་འཛམ་གླིང་རུའུ་ལུགས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉི་ཧྲན་འཛམ་གླིང་རུའུ་ལུགས་ལྟེ་གནས་ཀྱི་ཕྱི་རྒྱལ་གྱི་ཡན་ལག་ལྟེ་གནས་3ཚེས་28ཉིན་དངོས་སུ་བཙུགས་པ་རེད། ད་ཐེངས་བཙུགས་པའི་ཕྱི་རྒྱལ་གྱི་ཡན་ལག་ལྟེ་གནས་གསུམ་ནི་ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཡན་ལག་ལྟེ་གནས་དང་། པོ་ཧེ་མོ་སི་ཐར་སློབ་ཆེན་གྱི་ཡན་ལག་ལྟེ་གནས། ཐེ་ལན་ཀེ་ལེ་སློབ་ཆེན་གྱི་ཡན་ལག་ལྟེ་གནས་བཅས་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཉི་ཧྲན་འཛམ་གླིང་རུའུ་ལུགས་རིག་པའི་ལྟེ་གནས་ཀྱིས་ཕྱི་རྒྱལ་དུ་བཙུགས་པའི་རུའུ་ལུགས་རིག་པའི་ཞིབ་འཇུག་སྒྲིག་གཞི་ཁག་དང་པོ་དེ་རེད། ཡན་ལག་ལྟེ་གནས་3གྱིས་ཕྱི་རྒྱལ་གྱི་སློབ་གླིང་དང་སློབ་གྲྭ་མཉམ་དུ་བསྐྲུན་ནས་རུའུ་ལུགས་རིག་གནས་དང་ཤེས་དཔལ་གཞན་དག་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། རུའུ་ལུགས་རིག་པའི་རྒྱལ་སྤྱིའི་སྤེལ་རེས་དང་བརྒྱུད་སྤེལ་ལ་སྐུལ་འདེད་བཏང་ཡོད། ཉི་ཧྲན་འཛམ་གླིང་རུའུ་ལུགས་ལྟེ་གནས་ཀྱིས་གོམ་སྟབས་རྗེས་མར་ཕྱི་རྒྱལ་གྱི་ཡན་ལག་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་རིག་གནས་བརྒྱུད་སྤེལ་སྤེལ་རེས་དང《གསུང་སྒྲོས》ཀྱི་སྐད་རིགས་ཆུང་གྲས་ཡིག་སྒྱུར་དཔེ་སྐྲུན་སོགས་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་སྤེལ་རྒྱུ་རེད།