འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་བར་སྣང་ས་ཚིགས་ཀྱི“T”དབྱིབས་ཀྱི་གཞི་རྩའི་གྲུབ་ཆ་སྒྲིག་སྦྱོར་བྱས་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་གློག་འཕྲིན་འབྱོར་གསལ། 2021ལོའི་ཟླ་4པར་མཁའ་མཐུན་ལྟེ་བའི་ཚང་འཕེན་གཏོང་བྱས་པ་ནས་ལྷ་གྲུ་ཨང་15པའི་ལས་འགན་བར་ཟླ་19ཡི་ནང་རང་རྒྱལ་གྱིས་དུས་བཀག་ལྟར་བར་སྣང་ས་ཚིགས་ཀྱི“T”དབྱིབས་ཀྱི་གཞི་རྩའི་གྲུབ་ཆ་སྒྲིག་སྦྱོར་བྱས་ནས་བཟོས་པ་རེད།
    ཟླ་11ཚེས་28ཉིན། ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་གི་ཀྲུའུ་རེན་ལས་རོགས་ཅི་ཆི་མིང་གིས། 2021ལོའི་ཟླ་4པར་མཁའ་མཐུན་ལྟེ་བའི་ཚང་འཕེན་གཏོང་བྱས་པ་ནས་ད་ཐེངས་ཀྱི་ལྷ་གྲུ་ཨང་15པའི་ལས་འགན་བར་ཟླ་19ཡི་ནང་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བསྟུད་མར་འཕེན་གཏོང་ཐེངས་11བྱས་པ་དང་། འཕུར་གྲུ་ཐེངས་གཉིས་ཕྱིར་ལོག་པ། འཇིག་རྟེན་འཕུར་སྐྱོད་པ་ཐེངས་7གྲུ་ཚང་ནས་ཕྱིར་དོན་པ། འཕུར་སྐྱོད་རུ་ཁག་4ཡི་འཇིག་རྟེན་འཕུར་སྐྱོད་པ་12རྒྱུན་མཐུད་ངང་འཁོར་ལམ་དུ་བཅའ་སྡོད་བྱས་པ། བར་སྣང་ས་ཚིགས“T”དབྱིབས་ཀྱི་གཞི་རྩའི་གྲུབ་ཆ་སྒྲིག་སྦྱོར་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོ་ཕན་ཚུན་འབྲེལ་མཐུད་དབུགས་ཐེངས་གཅིག་ནང་གྲུབ་པས་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་ཡོད། དེ་ལས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལོ་30ཡི་རིང་གི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་སྟོབས་ཤུགས་ཆེན་པོ་མངོན་ནས། དུས་རབས་གསར་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པོ་མངོན་པར་བྱས་ཡོད་པ་རེད།