འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་བརྒྱ། སྲོག་ཆཊ་ཀྱིས་མི་ལ་རྨས་སྐྱོན་བཏང་ན་སུས་འགན་འཁུར་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་བརྒྱ། སྲོག་ཆཊ་ཀྱིས་མི་ལ་རྨས་སྐྱོན་བཏང་ན་སུས་འགན་འཁུར་དགོས།
     གྱོད་གཞི། 
     ཞའོ་ཀྲེང་དང་ཕ་མ་གཉིས་གུང་གསེང་སྐབས་མཉམ་དུ་སྲོག་ཆགས་གླིང་གར་རྩེ་རུ་སོང་། སྲོག་ཆགས་འགྲེམས་ཁུལ་ལ་ལྟ་སྐོར་བྱེད་སྐབས། ཞའོ་ཀྲེང་གིས་སྤྲེའུ་ལ་ཟས་སྟེར་དུས་སེམས་ཆུང་མ་བྱས་པར་ལག་པ་གཡས་པ་སྤྲེའུ་ཡིས་སོ་བཏབ་ནས་རྨ་བཟོས། དོན་རྐྱེན་བྱུང་སྐབས་སྲོག་ཆགས་གླིང་གའི་ལས་དོན་མི་སྣ་ཡུལ་དངོས་སུ་མེད། གནས་ཚུལ་ཛ་དྲག་ཆེ་བའི་རྐྱེན་གྱིས་ཞའོ་ཀྲེང་གི་ཕ་མས་རང་འགུལ་ངང་ཞའོ་ཀྲེང་ཁྲིད་དེ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད། དོན་དག་གི་རྗེས་སུ། ཞའོ་ཀྲེང་གི་ཕ་མས་སྲོག་ཆགས་གླིང་ག་ལ་འབྲེལ་བ་བྱས་ནས་གྱོང་གུན་ལ་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན། སྲོག་ཆགས་གླིང་གས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས་སམ། 
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད་པ།  
     འགན་འཁྲི་འཁུར་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་ཉིས་བརྒྱ་དང་ཞེ་བརྒྱད་པའི་ནང་གཏན་འབེབས་བྱས་དོན། སྤྱན་གཟིགས་གླིང་གའི་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་རྐྱེན་བཟོས་པ་ཡིན་ན། སྤྱན་གཟིགས་གླིང་གས་དབང་གནོད་འགན་འཁྲི་འཁུར་དགོས། ཡིན་ན་ཡང་དོན་དམ་འགན་འཁྲི་འཁྱོལ་ཡོད་པ་བདེན་དཔང་བྱེད་ཐུབ་ན་འགན་འཁྲི་འཁུར་མི་དགོས།