འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རིམས་འགོག་བྱེད་སྐབས་གཏན་འགོག་ལྔ་བཏོན་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11པའི་ཚེས་25ཉིན་གྱི་སྔ་དྲོར། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཟླ་11པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉེ་དུས་ས་ཁུལ་ཁག་ཅིག་ཏུ་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་བྱེད་པ་བཀག་འགོག་དང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་ཡུལ་དངོས་སུ་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྒུག་དགོས་པའི་བླང་བྱ་བཏོན་པ། དེ་བཞིན་དེ་གར་ལུས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་འཚོ་བའི་ཞབས་ཞུ་འགན་ལེན་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་བྱུང་བར་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཅིག་གྱུར་བཀོད་གཏོང་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་སྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཟོག་འདྲེན་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
     འགྲིམ་འགྲུལ་སྐྱེལ་འདྲེན་པུས། ས་གནས་ཁག་གིས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཤར་བགྲོད་དོ་དམ་ཚོད་འཛིན་བྱ་ཐབས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ"གཏན་འགོག་ལྔ"དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། 
     འགྲིམ་འགྲུལ་ཟོག་འདྲེན་རྨང་གཞིའི་སྒྲིག་བཀོད་སྒོ་རྒྱག་པ་དང་སྐྱེལ་འདྲེན་ཞབས་ཞུ་ཚོད་འཛིན་བྱེད་པ་གཏན་འགོག་བྱ་དགོས། 
     བཀག་སྡོམ་ས་ཁོངས་ཀྱི་མཇུག་སྣེའི་དངོས་ཟོག་སྐྱེལ་འདྲེན་ཚོད་འཛིན་བྱེད་རིགས་གཏན་འགོག་བྱ་དགོས།
     བཀག་སྡོམ་ཚོད་འཛིན་དོ་དམ་ལག་བསྟར་བྱས་པའི་གྲོང་ཁྱེར་གྱིས་ཟོག་འདྲེན་རླངས་འཁོར་འགྲོ་འོང་ཚོད་འཛིན་བྱེད་པ་གཏན་འགོག་བྱ་དགོས། 
     ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ལ་སྒུག་པར་ཁ་གཡར་ནས་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ཚོད་འཛིན་བྱེད་རིགས་གཏན་འགོག་བྱ་དགོས། 
     རླངས་འཁོར་གྱི་ཐེམ་ཐོ་ཡོད་ས་དང་ཐེམ་ཐོ་ཡོད་ས་གཞི་འཛིན་སར་བྱས་ཏེ་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ལ་ཚོད་འཛིན་བྱ་རྒྱུ་གཏན་འགོག་བྱེད་པ་དང་། རིམས་ནད་ཡོད་པའི་ས་ཁུལ་དུ་འགྲོ་སྐྱོད་བྱས་མྱོང་བའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར"ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་འགྲོ་རུ་འཇུག་པ་དང་།མཇུག་འབྲས་གདགས་གཤིས་ཡིན་ན་འཕྲལ་དུ་བདའ་འདེད་བྱེད་པ"+གཏུམ་ཟུམ་དོ་དམ་བླང་བྱ་དོན་འཁྱོལ་བྱས་ནས་ཤར་བགྲོད་བདེ་བླག་ཡོང་བའི་འགན་ལེན་བྱ་དགོས།
     དེ་དང་ཆབས་ཅིག ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱེད་དགོས། གལ་ཏེ་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་ཚད་ལས་བརྒལ་བའི་འགྲོ་སྐྱོད་དོ་དམ་ཚོད་འཛིན་གྱི་གནད་དོན་འཕྲད་ཚེ། འབྲེལ་ཡོད་ཁ་པར་བརྒྱབ་ནས་ཞུ་གཏུག་ཐེར་འདོན་བྱེད་ཆོག་ལ། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་གྱི་ཐད་སྦྲེལ་ཁ་པར་12328རྒྱག་པའམ་ཡང་ན། 12328སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད་ཞུ་གཏུག་ཐེར་འདོན་ཡང་བྱེད་ཆོག འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འཕྲལ་མར་ཁ་པར་ལ་ཉན་ཏེ་འཕྲལ་དུ་སྒྲུབ་པ་དང་། བྱ་བ་རེ་རེ་བཞིན་མཐུན་སྦྱོར་བྱས་ཏེ་ཚད་ལས་བརྒལ་བའི་འགྲོ་སྐྱོད་དོ་དམ་ཚོད་འཛིན་གྱི་གནད་དོན་ཐག་གཅོད་བྱས་ནས། ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་བྱེད་པར་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ས་གནས་ཁག་གིས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་སྔར་ལས་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་བཟའ་བཏུང་དང་། ངལ་གསོ་བྱེད་ས། གསང་སྤྱོད་ཁང་སོགས་མཁོ་འདོན་བྱས་ནས་འཚོ་བའི་ཞབས་ཞུ་འགན་ལེན་བྱས་ཏེ་ཁ་ལོ་བའི་དཀའ་ངལ་སེལ་དགོས།