འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་ཟླ་11ཚེས་24ཉིན། ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་2023ལོར་ཡུག་རེན་ལ་རོགས་སྐྱོར་དངུལ་བུན་ཡོ་རོབ་སྒོར་དུང་ཕྱུར་180བཏང་ནས། ཡུག་རེན་བསྐྱར་སྐྲུན་བྱེད་རོགས་བྱ་རྒྱུའི་ཆོག་མཆན་ཐོབ་པ་རེད།
     སྤྱི་བསྒྲགས་ནང་ཡོ་རོབ་སྒོར་དུང་ཕྱུར་180ཡིས་ཡུག་རེན་གྱི་2023ལོར་མཁོ་བའི་མ་དངུལ་གྱི་ཕྱེད་ཀ་ཙམ་སྐོང་ཐུབ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད། མ་དངུལ་དེ་གཙོ་བོ་སྤྱི་པའི་ཞབས་ཞུ་དང་འགག་རྩའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་རེད། དངུལ་བུན་འདི་དུས་ཚིགས་ལྟར་ཁག་བགོས་ནས་གཏོང་སྤྲོད་བྱེད་དགོས། འོན་ཀྱང་དངུལ་བུན་དེ་ལེན་པར་ཆ་རྐྱེན་ཡོད་པས་ཡུག་རེན་གྱིས་སྒྱུར་བཅོས་བྱས་ནས་བསྐྱར་སྐྲུན་དང་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དངུལ་བུན་ཁག་རེ་མ་བཏང་གོང་ཡུག་རེན་གྱི་སྒྱུར་བཅོས་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
     དངུལ་བུན་འདི་ད་དུང་ཟླ་12པའི་ཚེས་6ཉིན་ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་ཆོག་མཆན་འཐོབ་དགོས། ཆོག་མཆན་ཐོབ་རྗེས་དངུལ་བུན་དེ་2023ལོའི་ལོ་འགོར་སྤྲོད་རྒྱུ་རེད།