འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐའེ་ཝན་ནི་ཀྲུང་གོའི་ཡིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཚོགས་ཁོངས་གཏོགས་ཀྱི“ཨ་རི་དང་ཀྲུང་གོའི་དཔལ་འབྱོར་དང་བདེ་འཇགས་དཔྱད་དཔོག་ཨུ་ཡོན་ལྷན་ཁང”གིས་ཉེ་ཆར་ལོ་འཁོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཐའེ་ཝན་འགོག་སྲུང་བྱ་ཐབས་ལ་དཔྱད་དཔོག་བྱས་ཏེ་སྐམ་ས་ཆེན་མོས་ཐའེ་ཝན་ལ་ཕར་རྒོལ་བྱེད་སྐབས་ཨ་རིའི་བཀག་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     ཝུའུ་ཆན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་བ་དང་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཟླ་11ཚེས་14ཉིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཐུག་འཕྲད་བྱེད་སྐབས་ཨ་རིའི་ཙུང་ཐུང་པའེ་ཏེང་གིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་དང་། “ཀྲུང་གོ་གཉིས”དང“ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་མི་ཡོང་བ་བཅས་བསྐྱར་བཤད་གནང་བ་རེད། ང་ཚོས་ཨ་རི་ཕྱོགས་ཀྱིས་སྲིད་ཇུས་དེའི་རྣམ་འགྱུར་དོན་འཁྱོལ་ཏན་ཏིག་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ཏེ། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་ལ་་གནོད་འཚེ་མི་ཕོག་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 
     ནན་བཤད་བྱེད་དགོས་པ་ཞིག་ནི། ཐའེ་ཝན་ནི་ཀྲུང་གོའི་ཡིན་ལ། ཀྲུང་གོའི་མངའ་ཁོངས་ནས་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཨ་རི་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་བ་ཟབ་ཏུ་གཏོང་བའི་བྱེད་སྟངས་ཚང་མ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཨ་རི་ཕྱོགས་ཀྱིས་ཁས་ལེན་ལས་འགལ་བའི་ནོར་འཁྲུལ་གྱི་བྱེད་སྤྱོད་ཅིག་རེད། ཐའེ་ཝན་ལ་དྲག་ཆས་སྤྲོད་པ་བརྒྱུད་ཀྲུང་གོའི་སྐམ་ས་ཆེན་མོར་བཀག་འགོག་བྱེད་པའི་རེ་ངན་གང་ཞིག་ཡིན་རུང་ཚང་མ་ནི་གླེན་པས་སྐད་ཆ་ཤོད་པའི་ཕུགས་འདུན་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ངར་ལྕགས་ལྟ་བུའི་ལྕགས་རི་ཆེན་པོའི་མདུན་དུ་འཕྲད་ན་ཀླད་ཁྲག་ཐོན་ངེས་རེད་ཅེས་བཤད།