འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་དམག་གླེང་སྟེགས་འདི་2024ལོར་རང་རྒྱལ་དུ་འཚོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་གསར་འགོད་པའིའཆར་ཅན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
     གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོའི་མཚོ་དམག་གི་འཐུས་མི་ཚོགས་པ་ཟླ་11པའི་ཟླ་འགོར་ལྗར་པན་དུ་ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་དམག་གླེང་སྟེགས་ཀྱི་སྐབས་བཅོ་བརྒྱད་པའི་ལོ་ཚོགས་ནང་ཞུགས་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་རོགས་། 
     ཝུའུ་ཆན་གྱིས། ཟླ་11པའི་ཚེས་5ནས་ཚེས་9ཉིན་བར། ཀྲུང་གོའི་མཚོ་དམག་གི་འཐུས་མི་ཚོགས་པ་ལྗར་པན་གྱི་ཧེང་པིན་དུ་ཞི་བདེ་རྒྱ་མཚོའི་ནུབ་མའི་མཚོ་དམག་གླེང་སྟེགས་ཀྱི་སྐབས་བཅོ་བརྒྱད་པའི་ལོ་ཚོགས་ནང་ཞུགས་ཤིང་། བྱེད་སྒོ་སྤེལ་རིང་། འཐུས་མི་ཚོགས་པས“གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ལག་ལེན་དུ་བསྟར་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས”ཞེས་པ་བརྗོད་བྱར་བཟུང་ནས་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་ཕྱོགས་ཁག་ལ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གྲུབ་འབྲས་གཙོ་བོ་དང་དོན་སྙིང་གལ་ཆེན་དང་། དེ་བཞིན་ཀྲུང་གོའི་མཚོ་དམག་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་བསྟར་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་མ་ཟད། 2024ལོར་ཀྲུང་གོའི་མཚོ་དམག་གིས་ཆིང་ཏའོ་རུ་གླེང་སྟེགས་སྐབས་19པའི་ལོ་ཚོགས་གཉེར་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
     གོམ་སྟབས་རྗེས་མར། ཀྲུང་གོའི་མཚོ་དམག་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་མཚོ་དམག་དང་འབྲེལ་གཏུག་སྤེལ་རེས་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གླེང་སྟེགས་སྐབས་19པའི་ལོ་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་བསྒྲུབས་ཏེ། རྒྱ་མཚོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།