འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་རེར་ཁ་གསབ་སྒོར་1000སྟེར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སློབ་གསོ་དང་ནོར་སྲིད་སྡེ་ཁག་དང་མཉམ་དུ་བརྡ་ཐོ་བཏང་ནས། ས་གནས་ཁག་གིས་མི་རེར་སྒོར་1000གི་ཚད་གཞི་ལྟར། 2023ལོའི་སློབ་ཐོན་སློབ་མའི་ཁྲོད་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་ཕྱོགས་ནས་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྔ་སྣུར་གྱིས་སྤྲད་དེ། ཁོང་ཚོར་ལས་ཞུགས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་ལས་ཞུགས་ལས་གཏོད་བདེ་བླག་ཡོང་རྒྱུར་རོགས་རམ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད། 
     ཁ་གསབ་བྱ་ཡུལ་ནང་ཞིང་ཆེན་ནང་གི་མཐོ་སློབ་དཀྱུས་མ་དང་ཚན་ཞིབ་ཁང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་དང་ལག་རྩལ་བཟོ་པའི་སློབ་གླིང་ནས་ཐོན་པའི་མཐར་ཕྱིན་ལོ་ལ་ལས་ཞུགས་ལས་གཏོད་ཀྱི་འདུན་པ་ཡོད་པ་མ་ཟད། ལས་འཚོལ་ལས་གཏོད་ཧུར་ཐག་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། དྭ་ཕྲུག་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན(སློབ་གྲྭ་གནས་ཡུལ་ལམ་ཡང་ན་སློབ་ཁུངས་ས་ཆའི་སློབ་སྐྱོར་དངུལ་བུན་ཚུད་པ)གྱི་སློབ་ཐོན་སློབ་མ་བཅས་ཚུད་ཡོད། 
ཁ་གསབ་དེ་གཙོ་བོ་སློབ་གྲྭ་དང་རྫོང་དང་ཆུས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འགན་འཁུར་གྱི་ཡོད་པ་དང་། ཁ་གསབ་སྲིད་ཇུས་དེས་ལོ་རེར་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཁྲི་6ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
     ཆ་རྐྱེན་དང་མཐུན་པའི་སློབ་ཐོན་སློབ་མས“ཀན་སུའུ་སྲིད་དོན་ཞབས་ཞུའི་དྲ་བའི”ཐོག་མི་སྒེར་གྱི་ཐོ་འགོད་བྱས་རྗེས། “ཀན་སུའུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དྲ་བའི་ལས་སྒྲུབ་ཚོམས་ཆེན”བརྒྱུད། ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་རེ་ཞུའི་མ་ལག་ནང་ཞུགས་ནས། མི་སྒེར་གྱི་ཆ་འཕྲིན་འབྲི་བ་མ་ཟད་དེ་མཚུངས་ཀྱི་ཡིག་ཆ་ཡར་སྤྲད་ནས་རེ་འདུན་ཞུ་ཆོག 
རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས། གནས་སྐབས་རིང་དཔང་རྟགས་ཡིག་ཆ་ཆ་ཚང་བསྐུར་ཐབས་བྲལ་བའི་སློབ་མས་སློབ་གྲྭར་ཡིག་ཐོག་ནས་ཁས་ལེན་བྱས་རྗེས་སྔོན་ལ་ཁ་གསབ་ལེན་རྒྱུ་དང་རྗེས་ནས་ཡིག་ཆ་སྤྲོད་ཆོག
     གཞན་ཡང་། ས་གནས་ཁག་གིས་སྲིད་ཇུས་རྒྱ་ཁྱབ་དང་གཏིང་ཟབ་ངང་དྲིལ་བསྒྲགས་བྱས་ནས། ཆ་རྐྱེན་དང་མཐུན་པའི་མི་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་སྒོ་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་སློབ་ཐོན་སློབ་མས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།