འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་ས་ཆ་འདིས་ལོ་སར་བསུས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་ཀྱི་ས་ཆ་འདིས་ལོ་སར་བསུས།
     བཀྲ་ཤིས་པའི་ཕྱེ་མར་བཏེགས་ཤིང་། ནས་ཆང་ཞིམ་པོ་བླུགས་ནས་དྭངས་གཙང་གི་ཁ་བཏགས་དཀར་པོ་འབུལ། དགུན་གྱི་ཉི་འོད་འཇམ་པོ་འགྲོགས་ནས་ལོ་གཅིག་ཐེངས་གཅིག་གི་ཀོང་པོའི་ལོ་སར་སླེབས་བྱུང་། ཀོང་པོའི་ལོ་སར་ནི་བོད་ལྗོངས་ཉིང་ཁྲིའི་ཀོང་པོའི་ས་ཁུལ(བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་ས་ཁུལ)ཀྱི་ས་ཁོངས་རང་བཞིན་གྱི་ལོ་སར་ཡིན་པ་དང་། ས་གནས་དེ་གའི་ལོ་གཅིག་ནང་གི་དུས་ཆེན་གཟབ་རྒྱས་ཆེ་ཤོས་དེ་ཡིན་ལ། དེ་ཡང་བོད་ལྗོངས་ཀྱི་ལོ་སར“སྔ་ཤོས”ཀྱང་ཡིན་པ་རེད།
     ཚེས་22ཉིན་གྱི་ས་སྲོད་དུས་སུ། དུད་ཁྱིམ་ཚང་མར་གློག་སྒྲོན་གྱིས་བརྒྱན་ཞིང་དགའ་སྤྲོའི་རྣམ་པས་དགུ་ཐུག་ཉིན་མོ་བསུས། “དགུ་ཐུག”ནི་ཚགས་ཤ་དང་། ལ་ཕུག གྲོ་མ། ཕྱུར་བ། རྩམ་པ་སོགས་བཟའ་ཆས་རིགས་9བླུགས་ནས་བསྐོལ་བའི་ཐུག་པ་ཞིག་ཡིན་ཞིང། སྲོལ་རྒྱུན་ལྟར་ན། དགོང་མོ་དེར་ནང་མི་དང་མཉམ་དུ་འཛོམས་ཏེ“དགུ་ཐུག”འཐུང་ནས་ལོ་རྙིང་བ་ཕར་ལ་སྐྱེལ་ཞིང་ལོ་གསར་བར་བསུ་བ་བྱེད་དགོས།
     ཀོང་པོའི་ལོ་སར་གྱི་གོམས་སྲོལ་ལའང་དམིགས་བསལ་ཁྱད་ཆོས་ལྡན་ཡོད། དེའི་རིང“ཁྱི་གསོལ་སྟོན་ལ་གདན་འདྲེན་པ”དང་། “ལོ་ལེགས་ལ་མཆོད་འབུལ་བྱེད་པ” “ཆུ་ཟོ་དང་པོ་ཁུར་བ”སོགས་ཁྱད་ལྡན་དམངས་སྲོལ་ཡོད་པ་མ་ཟད། ད་དུང་སྒྲ་མདའི་འགྲན་བསྡུར་དང་མདའ་གར་འཁྲབ་སྟོན་སོགས་ཀྱང་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀོང་པོའི་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད།
【1】  【2】  【3】
༄༅།།བོད་ལྗོངས་ཀྱི་ས་ཆ་འདིས་ལོ་སར་བསུས།