འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཡུག་རེན་དུ་སྐྱེ་དངོས་མཚོན་ཆ་སྤྱོད་རྩིས་བྱེད་པའི་དཔང་རྟགས་ཁོང་དུ་ཆུད་ཡོད་བཤད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། 《ཨུ་རུ་སུའི་ཚགས་པར》ཐོགཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུའི་རྫས་འགྱུར་དང་སྐྱེ་དངོས་འཇིགས་སྐུལ་ཚན་ཞིབ་ལྟེ་གནས་ཀྱི་འགན་འཁུར་བ་ཏེ་སྨི་ཐེ་ལི•པོ་ཁེ་ལུང་སི་ཅི་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་ས་ཁོངས་ནང་ཨ་རིས་སྐྱེ་དངོས་མཚོན་ཆ་སྤྱོད་རྩིས་བྱེད་པའི་དཔང་རྟགས་ཁོང་དུ་ཆུད་ཡོད་ཅེས་བཤད་པ་རེད།
    ཁོང་གིས། དཔང་རྟགས་ལས་མངོན་པར་གཞིགས་ན། ཨ་རི་ཕྱོགས་ཀྱིས་ཡུག་རེན་གྱིས་གསོག་ཉར་བྱས་པའི་ནད་གཞིར་ཞིབ་དཔྱད་ཚད་ལེན་བྱས་པ་དང་། དུས་མཚུངས་སྐྱེ་དངོས་མཚོན་ཆ་སྐྱེལ་འདྲེན་བྱེད་པར་སྤྱོད་ཆོག་པའི་རང་འགུལ་སྐྱེལ་འདྲེན་སྒྲིག་ཆས་ཐོབ་རྒྱུའི་འཆར་གཞི་ཡོད་པ་རེད། གཞན་ཡང་། ཨ་རིས་ཡུག་རེན་དུ་སྐྱེ་དངོས་ཞིབ་འཇུག་གི་ལས་དོན་སྤེལ་བ་དེར་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དོན་སྙིང་ལྡན་མེད། རྒྱུ་མཚན་ནི་ཨ་རི་ཕྱོགས་ཀྱིས་ཞིབ་འཇུག་བྱེད་པ་ནི་ཡུག་རེན་ས་ཁོངས་ནང་ཐོན་མྱོང་མེད་པའི་འགོ་ནད་ཀྱི་ནད་གཞི་ཞིག་ཡིན་པས་རེད་བཤད།
   ཨ་རི་དང་ཡུག་རེན་ཕྱོགས་ཀྱིས་ཞིབ་འཇུག་ལས་དོན་སྤེལ་བའི་ནང་ཁ་གསལ་མེད་པའི་རང་བཞིན་དང་དེ་བཞིན་རྒྱལ་ཁབ་གཉིས་པོས་ཨུ་རུ་སུ་ཕྱོགས་ཀྱིས་བཏོན་པའི་གནད་དོན་ལ་འགྲེལ་བཤད་བརྒྱབ་མེད་པའི་དབང་གིས། ཨུ་རུ་སུ་ཕྱོགས་ཀྱིས་མིག་སྔར་ཤེས་རྟོགས་བྱུང་བའི་རྒྱུ་ཆ་དེ་རྒྱལ་ཁབ་གཉིས་པོ《སྐྱེ་དངོས་མཚོན་ཆ་གཏན་འགོག་སྤྱི་ཆིངས》ལས་འགལ་བའི་དཔང་རྟགས་སུ་བརྩི་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད།