འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྗར་པན་གྱི་དབུ་བཞུགས་བློན་ཆེན་གྱི་འབོད་སྐུལ་འདིར་ལན་བསློགས་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་24ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
   གསར་འགོད་པས་ལྗར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་གིས་ཀྲུང་གོ་ཕྱོགས་ཀྱི་འགོ་ཁྲིད་པ་དང་ཐུག་འཕྲད་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་བྱེད་ཐབས་ལྷུག་ཏུ་གཏོང་རྒྱུའི་རེ་འབོད་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་དྲིས།
   མའོ་ཉིང་གིས།རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ། ལག་རྩལ་མི་སྣ་དང་དེ་བཞིན་དེའི་ནང་མི་རྒྱལ་མཚམས་ནས་འགྲོ་འོང་གི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། ང་ཚོས་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་གཞིར་བཟུང་ནས། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་རྩ་དོན་ཐོག་ནས། སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་མུ་མཐུད་ལེགས་སུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་མི་སྣ་འགྲོ་འོང་དང་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་རྒྱུ་ཡིན་བཤད།