འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ངོགས་གཉིས་དམག་བརྒྱབ་ན་རྒྱལ་ཁ་ཐོབ་ངེས་ཡིན་ཟེར་བའི་ཐད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་།རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
རྒྱལ་སྲུང་པུའུ་ཡིས་ཞ་མོན་དམག་གྲུ་ལ་བསྔགས་བརྗོད་བྱས་པར། ཐའེ་ཝན་ཕྱོགས་རྐྱང་པས་བཟོས་པའི་ལམ་ཐིག་དེ་ཁྲིམས་འགལ་ཡིན་ཞིང་རྩིས་འགྲོ་མེད་ཅེས་བཤད།
   གསར་འགོད་པས། ཉེ་ཆར། ཐའེ་ཝན་ས་ཁུལ་གྱི་འགོག་སྲུང་སྡེ་ཁག་གི་འགན་འཁུར་བས་གལ་སྲིད་ངོགས་གཉིས་ཀྱིས་དམག་བརྒྱབ་ན་རྒྱག་ཤ་སྟག་ཡིན་ལ་རྒྱལ་ཁ་ཐོབ་ངེས་ཡིན་ཅེས་བཤད་འདུག གཞན་ཡང་། གནས་ཚུལ་སྤེལ་བར་གཞིགས་ན། བཅིངས་འགྲོལ་དམག་གི་ཞ་མོན་དམག་གྲུ་དང་ཐའེ་དམག་གི་མ་ཀུང་དམག་གྲུའི་བརྙན་ལམ་དྲ་རྒྱའི་ཐོག་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད། བརྙན་ལམ་ནང་། ཐའེ་ཝན་མ་ཀུང་རྟགས་ཅན་གྱི་དམག་གྲུས་ཁུངས་ལུང་མེད་པའི་སྐད་འབོད་བྱས་པ་དང་། ཞ་མོན་དམག་གྲུས་ཁྱོད་ཀྱིས་བཤད་པའི་མཚོ་ལི་24ཡི་ལམ་ཐིག་མེད་ཅེས་ལན་བཙན་པོ་བསློགས་ཡོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   ཝུའུ་ཆན་གྱིས། ཞ་མོན་དམག་གྲུའི་སྐོར་ལ་ལན་བསྐྱོན་དོན། ངས་ཁོ་ཚོར་བསྔགས་བརྗོད་བྱེད་འདོད་ཡོད། ཐའེ་ཝན་ཕྱོགས་རྐྱང་པས་བཅད་པའི་ཐིག་འདི་དང་དེ་ཟེར་བ་ཚང་མ་ཁྲིམས་འགལ་ཡིན་ཞིང་རྩིས་འགྲོ་མེད་ཅིང་། ཐའེ་ཝན་ནི་ཀྲུང་གོར་གཏོགས་པའི་དོན་དངོས་བསྒྱུར་ཐབས་མེད་ལ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་དེ་བས་བཀག་འགོག་བྱེད་ཐབས་མེད། 
   དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱི་མི་ཁ་ཤས་ཀྱིས་སྐད་ཅོར་བརྒྱབ་པར། ངས་ཁོ་ཚོར་བཤད་རྒྱུར། གལ་ཏེ་མི་ལ་ལས་ཐའེ་ཝན་ཀྲུང་གོ་ནས་ཁ་ཕྲལ་གཏོང་ཕོད་ན་བཅིངས་འགྲོལ་དམག་གིས་བློ་ཐག་ཆོད་པོས་དམག་འཐབ་རྒྱག་རྒྱུ་ཡིན།