འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་གྱི་སྤྱི་ལེ་ཁྲི་9ཟིན་པའི་གློག་སྐུད་ལ་མི་མེད་གནམ་གྲུས་རང་བརྟེན་སྐོར་ཞིབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་མེད་གནམ་གྲུ་རི་བོ་ཁ་བ་དཀར་པོའི་འདབས་སུ་སྐོར་གཡེངས་བྱེད་བཞིན་པ།
   ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མི་མེད་གནམ་གྲུ་རི་བོ་ཁ་བ་དཀར་པོའི་འདབས་ནས་འཕུར་བ་དང་བར་སྣང་གི་གེགས་དངོས་ལས་གཡོལ་ཏེ་གློག་སྐུད་ལ་ཞིབ་བཤེར་དང་སྦྲགས་པར་བརྒྱབ་ཅིང་། ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་དུ་མི་མེད་གནམ་གྲུས་ཆན་ཕུའུ་35ཟིན་པའི་སླང་བདེ(བདེ་ཆེན་རྫོང་ནས་མེ་སླང་བར)གློག་སྐུད་ལ་རང་བརྟེན་སྐོར་ཞིབ་བྱས་པ་རེད། དེ་ཐོག་ནས་ཡུན་ནན་གྱི་ཆན་ཕུའུ་35ཡན་གྱི་གློག་སྐུད་ལ་མི་མེད་གནམ་གྲུའི་རང་བརྟེན་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་དང་སྤྱི་ལེ་ཁྲི་9ཟིན་པའི་གློག་སྐུད་ཚང་མར་མི་མེད་གནམ་གྲུས་རང་བརྟེན་སྐོར་ཞིབ་ཐུབ་པ་མཚོན་ཡོད་པ་རེད།
   “སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་སྐོར་ཞིབ་སྤྱི་ལེ་100བྱེད་པར་ཉིན་20འགོར་གྱི་ཡོད། ཡིན་ནའང་མི་མེད་གནམ་གྲུས་ཉིན་4ལས་འགོར་གྱི་མེད”ཅེས་ལྷོ་ཕྱོགས་གློག་དྲ་ཡུན་ནན་གློག་དྲ་ཀུང་སིའི་ལས་དོན་པས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སྔོན་ཆད་མི་ཐབས་ལ་བརྟེན་ནས་སྐོར་ཞིབ་བྱེད་སྐབས་རི་བོ་འཛེག་པར་ཆུ་ཚོད་གཉིས་གསུམ་ལྷག་ཙམ་འགོར་གྱི་ཡོད་པ་དང་སྐབས་འགར་ཉིན་གཅིག་ལ་གློག་སྒྲོམ་གཅིག་ལ་མ་གཏོགས་ཞིབ་བཤེར་བྱེད་ཐུབ་ཀྱི་མེད། ད་ཆ་མི་མེད་གནམ་གྲུས་རང་བརྟེན་སྐོར་ཞིབ་བྱས་པ་བརྒྱུད་གློག་སྐུད་ལ་སྐོར་ཞིབ་བྱེད་པར་གློག་སྒྲོམ་དང་རི་འཛེག་མི་དགོས། མཐེབ་གཅིག་མནན་ན་སྐོར་ཞིབ་གནད་ལ་འཁེལ་བ་དང་གྲངས་གཞི་འཚོལ་བསྡུ་ཐུབ་ནས་ལས་མི་གཡང་དུ་ལྷུང་བ་དང་གློག་འཁྱུད་པ་སོགས་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ཡོད་ཅེས་བཤད།
    དེ་དང་ཆབས་ཅིག་མི་མེད་གནམ་གྲུའི་རང་བརྟེན་སྐོར་ཞིབ་ཀྱི་ལས་ཕྱོད་མི་མེད་གནམ་གྲུ་མི་ཐབས་ལ་བརྟེན་ནས་འཕུར་སྐྱོད་བྱེད་པ་ལས་ལྡབ་5ནས་ལྡབ་10བར་མཐོ་རུ་སོང་བ་དང་སྐོར་ཞིབ་མ་གནས་50%ཡན་དམའ་རུ་ཕྱིན་ཏེ་ཡུན་ནན་གྱི་ས་དབྱིབས་ཆགས་ཚུལ་དང་གནམ་གཤིས་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་གློག་འདྲེན་སྒྲིག་སྦྱོར་གནམ་དཔྱང་གློག་སྐུད་ཀྱི་སྐོར་ཞིབ་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།