འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་འདི་གཉིས་ཐེར་འདོན་བྱས་ན་བྱ་དགའ་སྟེར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ནུས་པ་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བའི་བུན་དབང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མངོན་འགྱུར་དང་། ལག་བསྟར་གྱི་ལས་ཕྱོད་ཆེ་རུ་གཏོང་བ། ལག་བསྟར་གྱི་ཕན་འབྲས་ཆེ་རུ་གཏོང་བ། ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བཅས་བྱ་ཆེད། བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ལག་བསྟར་བྱ་ཡུལ་གྱི་མིས་དུས་ཡུན་རིང་པོར་ལག་བསྟར་ལས་གཡོལ་བའི་རྐྱེན་གྱིས་རེ་འདུན་ཞུ་མཁན་གྱིས་རེ་ཞུ་བྱས་པ་བརྒྱུད། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ཁྲོད་རྒྱུ་ནོར་བརྟག་དཔྱད་ཀྱི་གནད་དོན་འགའ་ཡི་གཏན་འབེབས》ཀྱི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལ་གཞིགས་ནས། བྱ་དགའ་སྟེར་རྒྱུའི་སྤྱི་བསྒྲགས་གཤམ་གསལ།
     ལག་ལེན་བསྟར་ཡུལ་འཕགས་པ་ནི། སྐྱེས་པ། བོད་རིགས། 1999ལོའི་ཟླ་3ཚེས་10ཉིན་སྐྱེས། ཀན་སུའུ་བསང་ཆུ་རྫོང་ནས་ཡིན། ད་ཆ་བསང་ཆུ་རྫོང་བསང་ཁོག་ཤང་སྨད་མར་བསྡད་ཡོད། ཐོབ་ཐང་ལག་ཁྱེར་ཨང་གྲངས་ནི་623027199903101216ཡིན།
     དངུན་བུན་འཇལ་མེད་པའི་དངུལ་གྲངས་སྒོར་10000ཡིན།
     ལག་ལེན་བསྟར་ཡུལ་གཡང་མོ་འཚོ་ནི། བུད་མེད། བོད་རིགས། 1983ལོའི་ཟླ་2ཚེས་12ཉིན་སྐྱེས། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནས་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་བསམ་ཆུ་རྫོང་བླ་བྲང་གྲོང་རྡལ་དུ་བསྡད་ཡོད། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་ནི་623027198302121022ཡིན། 
     དངུན་བུན་འཇལ་མེད་པའི་དངུལ་གྲངས་སྒོར་121476ཡིན།
     བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱ་ཡུལ་མི་འདི་གཉིས་ཀྱི་གནས་ཚུལ་ཐེར་འདོན་བྱས་ཏེ་ཁྲིམས་ཁང་གིས་མི་འདི་གཉིས་ལ་བཀག་ཉར་བྱེད་ཐུབ་པའམ་ཡང་ན། རྒྱུ་ནོར་གྱི་ཁུངས་སྣེ་བཤད་ཐུབ་ཚེ་སྒོར་500ཡི་བྱ་དགའ་སྤྲོད་རྒྱུ་རེད། ཁྲིམས་ཁང་འདི་གས་ལག་བསྟར་བྱ་ཡུལ་གྱི་གནས་ཚུལ་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱ་རྒྱུ་ཡིན།
     ཐེར་འདོན་ཁ་པར་ཨང་གྲངས་ནི་0941-7121441ཡིན།