འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་བར་གྱི་མདོང་ལམ་འདི་སླར་གསོ་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་ཟླ་11ཚེས་23ཉིན། ཨུ་རུ་སུའི་གསར་འགྱུར་ཁང་གིས་ཨུ་རུ་སུའི་རྡོ་སྣུམ་མདོང་ལམ་སྐྱེལ་འདྲེན་ཀུང་སིའི་ཆ་འཕྲིན་དྲངས་པར་གཞིགས་ན། མོ་སི་ཁོའི་ཉིན་དེའི་ཆུ་ཚོད་19དང་སྐར་མ་46ཐོག་ཡུག་རེན་ཕྱོགས་ཀྱིས“མཛའ་གྲོགས”མདོང་ལམ་བརྒྱུད་ནས་རྡོ་སྣུམ་སྐྱེལ་འདྲེན་བྱ་རྒྱུ་སླར་གསོ་བྱས་པ་རེད།
     ཉིན་དེའི་སྔ་དུས་སུ་ཨུ་རུ་སུའི་རྡོ་སྣུམ་མདོང་ལམ་སྐྱེལ་འདྲེན་ཀུང་སིས“མཛའ་གྲོགས”སྣུམ་འདྲེན་མདོང་ལམ་དེ་ཡུག་རེན་གྱི་པུའུ་ལུའོ་ཏེ་ནས་ཁར་ཕ་ཅི་བར་གྱི་མདོང་ལམ་གྱི་རྡོ་སྣུམ་འདྲེན་མཚམས་བཞག་པ་དང་། ཡུག་རེན་གྱི་གཉེར་སྐྱོང་ཚོང་པས་ཀྱང་ཨུ་རུ་སུ་ཕྱོགས་ལ་མདོང་ལམ་དེའི་གཉེར་སྐྱོང་གི་ཞིབ་ཕྲའི་དུས་ཚོད་སླར་གསོ་བྱ་རྒྱུའི་བརྡ་ཐོ་བཏང་མེད་ཅེས་བཤད་པ་རེད།
     “མཛའ་གྲོགས”སྣུམ་འདྲེན་མདོང་ལམ་ནི་ཨུ་རུ་སུའི་ལྷོ་ནུབ་རྒྱུད་ཀྱི་ས་མ་ལ་ཀྲོའུ་རུ་བཙུགས་པ་དང་། བྱང་ཐིག་ནི་ཨུ་རུ་སུ་དཀར་པོ་བརྒྱུད་དེ་འཇར་མན་དང་ཕོ་ལན་དུ་འབྲེལ་ཞིང་། ལྷོ་ཐིག་ནི་ཡུག་རེན་བརྒྱུད་དེ་ཅེ་ཁེ་དང་། སི་ལོ་ཝ་ཁེ། ཧང་ག་རི་བཅས་དང་འབྲེལ་ཡོད།