འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉིན་བརྒྱའི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གོ་དགུ་པ། ནར་མ་སོན་པའི་སྐྱེ་བོར
“ངན་སྐུལ”བྱེད་འགན་སུས་འཁུར་དགོས་སམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་བརྒྱའི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གོ་དགུ་པ། ནར་མ་སོན་པའི་སྐྱེ་བོར
“ངན་སྐུལ”བྱེད་འགན་སུས་འཁུར་དགོས་སམ།
གྱོད་གཞི།
   ཉིན་ཞིག་གི་ཉིན་གུང་། ལོ་7ཡིན་པའི་ཞའོ་མིང་དང་ན་མཉམ་གྱི་བྱིས་པ་ཁ་ཤས་སྡེ་ཁུལ་དུ་སྤོ་ལོར་རོལ་བཞིན་ཡོད།སྐབས་དེར་ཀྲང་སན་གྱིས་རྒྱུན་གཏན་རང་ཉིད་ལ་དགྲ་མཐོང་མཐོང་བྱེད་མཁན་གྱི་ལི་སི་ཡི་རླངས་འཁོར་འགྲམ་དུ་བཞག་པ་མཐོང་འཕྲལ་སེམས་ངན་ཁོག་བཅུག་གིས་བྱིས་པ་ཚོར“སུས་རླངས་འཁོར་དེའི་རྒྱབ་མཐོང་ཤེལ་སྒོར་ཕོག་ཐུབ་ཚེ་ངས་དེར་བྱ་དགའ་སྒོར་བཅུ་བསྟེར་རྒྱུ་ཡིན”ཞེས་བཤད།ཞའོ་མིང་གི་རྐང་རྩལ་ཡག་ཤོས་ཡིན་པས་འཕེན་ཐེངས་གཅིག་ལ་རླངས་འཁོར་དེའི་གཡོན་གྱི་རྒྱབ་མཐོང་ཤེལ་སྒོར་ཕོག་ནས་གས་ཆག་ཤོར་བ་རེད།གནས་ཚུལ་ཐོན་རྗེས་ལི་སིས་ཞའོ་མིང་གི་ཕ་མ་གཉིས་ལ་སྐྱིན་ཚབ་རིན་སྒོར་1500སྤྲོད་དགོས་པའི་རེ་བ་བཏོན་ཞིང་། ཞའོ་མིང་གི་ཕ་མ་གཉིས་ཀྱིས་ངན་སྐུལ་བྱེད་མཁན་ཀྲང་སན་གྱིས་སྐྱིན་ཚབ་འཇལ་དགོས་པར་འདོད། འོ་ན་ཀྲང་སན་གྱིས་སྐྱིན་ཚབ་འཇལ་འགན་འཁུར་དགོས་སམ། 

གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
   སྐྱིན་ཚབ་འཇལ་འགན་འཁུར་དགོས།དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་རེ་དགུ་པའི་གཏན་འབེབབས་བྱས་དོན།སྐྱེ་བོ་གཞན་ལ་ངན་སྐུལ་དང་རོགས་རམ་བྱས་ནས་དབང་གནོད་བྱ་སྤྱོད་སྤེལ་དུ་བཅུག་ན།བྱ་སྤྱོད་སྤེལ་མཁན་དང་མཉམ་དུ་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས།དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་སྐྱེ་བོ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པའི་སྐྱེ་བོར་ངན་སྐུལ་དང་རོགས་རམ་བྱས་ནས་དབང་གནོད་བྱ་སྤྱོད་སྤེལ་དུ་བཅུག་ན།དབང་གནོད་ཀྱི་འགན་འཁྲི་འཁུར་དགོས།དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་སྐྱེ་བོ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པའི་སྐྱེ་བོའི་ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་ལེགས་པར་མ་ཁུར་ན།བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།