འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནང་བསྟན་རིག་གནས་མཚོན་པའི་རྡོའི་དུར་སྒམ་རྙེད་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནང་བསྟན་རིག་གནས་མཚོན་པའི་རྡོའི་དུར་སྒམ་རྙེད་བྱུང་།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཏ་ཐུང་ཐུང་ཅ་ཝན་ཝུའེ་བྱང་མའི་དུས་ཀྱི་བང་སོའི་རྡོའི་དུར་སྒམ་རྟོག་ཞིབ་དཔྱད་གཞི་ཁྱབ་བསྒྲགས་བྱས་པ་རེད། བང་སོ་དེ་ནི་ཧྲན་ཞི་ཞིང་ཆེན་དུ་ཐོག་མར་ཤེས་རྟོགས་བྱུང་བའི་ཝེ་བྱང་མའི་དུས་ཀྱི་ནང་བསྟན་རིག་གནས་བརྗོད་བྱར་བྱས་པའི་རྡོའི་དུར་སྒམ་ལྡེབས་རིས་ཆ་ཚང་བའི་བང་སོ་ཞིག་ཡིན་པ་དང་། དེ་ལས་རྡོའི་དུར་སྒམ་ཆ་ལག་ཚང་བ་ཞིག་རྙེད་ཡོད་པ་དང་། དུར་སྒམ་གྱི་ངོས་བཞི་དང་སྟེང་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། སངས་རྒྱས་རྣམ་བདུན། མཁའ་འགྲོ་སོགས་ནང་བསྟན་བརྗོད་བྱར་བྱས་པའི་ལྡེབས་རིས་བྲིས་ཡོད་པ་མ་ཟད་ད་དུང་ཚོན་རིས་ལྷག་རོ་ཡང་ཡོད།
   བང་སོ་དེར་ལོ་རབས་གསལ་པོར་བཀོད་པའི་རྡོ་རིང་ཞིག་ཡོད་པ་དང་།རྡོའི་དུར་སྒམ་དེ་གྲུ་བཞི་ནར་མོའི་དབྱིབས་ཞིག་ཡིན།ལྡེབས་རིས་ཀྱི་སྐུ་ཡི་བཀོད་པ་སོགས་ཡུན་ཀང་བྲག་ཕུག་དུ་བཞེངས་སྟངས་གཅིག་མཚུངས་མཇལ་རྒྱུ་ཡོད་པ་རེད།
   བང་སོ་དེ་2015ལོར་ཏ་ཐུང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བརྟག་དཔྱད་སྔོག་འདོན་བྱས་རྗེས་གཙང་འཁྲུད་དང་། ཉམས་གསོ། ཞིབ་འཇུག་བཅས་བྱས་པ་རེད། བང་སོ་དེའི་ནང་ནས་རྙེད་པའི་ལོ་རབས་ཀྱི་རྡོ་རིང་ལས་བང་སོ་དེའི་བདག་པོ་ནི་ཧན་ཧྲོའུ་ལུའོ་པཱ་ཟེར་མཁན་ཞིག་གི་བཟའ་ཟླ་ཤིང་ཧོ་ཅང་ཡིན་པ་དང་། ལོ་རབས་ནི་ཝེ་བྱང་མའི་ཧོང་ཞིན་སྲིད་ལོ་གསུམ་པ(469ལོ)ཡིན་ཞིང་། ཚེ་ལས་འདས་སྐབས་ལོ་རེ་དྲུག་ཡིན་པ་ཤེས་ཐུབ།
【1】  【2】
༄༅།།ནང་བསྟན་རིག་གནས་མཚོན་པའི་རྡོའི་དུར་སྒམ་རྙེད་བྱུང་།