འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་
ལ་མ་དངུལ་སྒོར་དུང་ཕྱུར་24665བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱིས་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་24665བཏང་བ་དེ་དུས་མཚུངས་ལས་9.5%འཕར་ཡོད་པ་རེད།
   ཞིབ་པར་བལྟས་ན་ཟླ་དང་པོ་ནས་བཅུ་པའི་བར་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་23369བཏང་བ་དེ་དུས་མཚུངས་ལས་9.6%འཕར་བ་དང་། ནང་ཁོངས་ཆུ་བོར་མ་དངུལ་སྒོར་དུང་ཕྱུར་634བཏང་བ་དེ་དུས་མཚུངས་ལས་9.2%འཕར་བ། མཚོ་རྒྱུད་ལ་མ་དངུལ་སྒོར་དུང་ཕྱུར་652བཏང་བ་དེ་དུས་མཚུངས་ལས་8.2%འཕར་ཡོད་པ་རེད།
    གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་འཕར་བཞིན་ཡོད་ཅིང་། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་གྲུ་ཁས་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་129.3ཟིན་པ་དེ་དུས་མཚུངས་ལས་0.5%འཕར་བ་དང་། དོས་སྒམ་སྐྱེལ་འདྲེན་བྱེད་ཚད་དོས་སྒམ་དུང་ཕྱུར་2.4ཟིན་པ་དེ་དུས་མཚུངས་ལས་4.0%འཕར་ཡོད་པ་རེད།
   ཆུ་ལམ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་འཕར་བཞིན་ཡོད་ཅིང་། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱིས་ཆུ་ལམ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་70.4ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་། ཆུ་ལམ་དུ་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་རེར་ཏུན་དུང་ཕྱུར་98900.4ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ཡོད་པ་རེད།