འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལེགས་གཏོང་བྱ་ཐབས་ཇི་མ་ཇི་བཞིན་དོན་འཁྱོལ་དང་། མིག་སྔའི་རིམས་ནད་གནས་ཚུལ་ཐག་གཅོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་། “ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས། ལེ་ལོ་དང་ལྷོད་གཡེང་གི་སེམས་པ་དང་རེ་སྒུག་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་པར་གཞི་དགུ་པ་དང་བྱ་ཐབས་ཉི་ཤུ་ལེཌ་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཡོ་འགུལ་མི་གཏོང་བ་དང་བཟོ་ལྟ་ཙམ་མི་སྟོན་པར་སྔོན་འགོག་དང་། སྔ་ཙམ། མགྱོཌ་པོ་བཅས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་ཐོན་ཁུལ་དུ་རིམས་ནད་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་། ཉེན་ཁའི་ས་ཁོངས་ཡང་དག་དབྱེ་བ། གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་སྒྲིག་འཛུགས་བྱེད་པ། ཉེན་ཁ་ཡོད་པའི་མི་ཚོཌ་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། ལོཌ་དགར་འཇོག་པའི་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་གཏོགས་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས“ཕྱོགས་བཞིའི་འགན་འཁྲི”དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ་རིམས་ནད་མ་མཆེད་བཀག་འགོག་གང་མགྱོཌ་བྱེད་དགོས། “འཁྲི་འགན་རིམ་སྣོན”གྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས་རིམས་ནད་ཐག་གཅོད་བྱེད་རིང་མང་ཚོཌ་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས་ཞེས་བཤད་པ་རེད།
    “མིག་སྔར། རང་རྒྱལ་གྱི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། ས་ཁུལ་ཁག་གཅིག་ཏུ་རིམས་ནད་མཆེད་མགྱོགས་སུ་ཕྱིན་པ། སྔོན་འགོག་དང་ཚོད་འཛིན་གྱི་དཀའ་གནད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་འགོ་ནད་སྔོན་འགོག་སིའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧུའུ་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་རིམས་ནད་ཕོག་མཁན་རྒྱུན་མཐུད་མང་དུ་སོང་བ་དང་། རིམས་ནད་ཁྱབ་རྒྱ་ཆེ་བ། མཆེད་ལམ་རྙོག་འཛིང་ཆེ་བ་བཅས་ཡོད་པས་མི་ཚོགས་མང་བའི་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཙོ་གནད་ས་ཁུལ་དུ་གྱུར་ཡོད། ཨོ་སྨི་ཁེ་རོན་ངོ་འགྱུར་དུག་སྲིན་ལ་མི་མངོན་པ་དང་འགོ་ཤུགས་ཆེ་བའི་ཁྱད་ཆོས་ལྡན་པས། ཐོག་མར་རིམས་ནད་འགོ་མཁན་དབྱེ་འབྱེད་དང་རྗེས་འདེད་དོ་དམ་བྱེད་པའི་དཀའ་གནད་ཇེ་ཆེར་སོང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུས་ཀྱིས་ལས་དོན་ཚོགས་ཆུང་མངགས་ནས་ས་གནས་ཀྱིས་བྱ་ཐབས་དོན་ཚན་ཉི་ཤུ་ལེགས་གཏོང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ས་གནས་ཀྱི་རིམས་ནད་ཐག་གཅོད་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་རེད།
    ཉེ་དུས། སྤྱི་ཚོགས་ཐོག་ནས་དབྱེ་བཤེར་བྱས་པའི་ནད་པའི་གྲངས་ཚད་ཅུང་མང་པོ་ཡོད། ཧུའུ་ཞང་གིས་དབྱེ་ཞིབ་བྱས་པར། ཨོ་སྨི་ཁེ་རོང་ངོ་འགྱུར་དུག་སྲིན་ལ་མི་མངོན་པ་དང་འགོ་ཤུགས་ཧ་ཅང་མགྱོགས་པའི་ཁྱད་ཆོས་ཡོད། གལ་སྲིད་རིམས་ནད་ཐོན་པ་མགྱོགས་མྱུར་མ་ཤེས་ཚེ་སྡེ་ཁུལ་དུ་རྒྱ་ཁྱབ་ངང་ཁྱབ་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་གནད་ཆེ་རུ་ཤུགས་ཆེན་འགྲོ་གི་ཡོད། རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་ཡག་པོ་གཏོང་བ་དང་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ཚོར་བ་སྐྱེན་དུ་གཏོང་དགོས་པ་དང་དུས་མཚུངས་ཉེན་ཁ་ཆེ་བའི་ལས་གནས་ཐོག་ལས་ཀ་བྱེད་མཁན་དང་། གཙོ་གནད་སྒྲིག་གཞི། གཙོ་གནད་མི་ཚོགས་བཅས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་ཡོད་པའི་མི་སྣ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་དོ་དམ་ཚོད་འཛིན་ཐུབ་པ་བྱེད་དགོས། གཏོགས་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི་ཕྱོགས་བཞིའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་རིམས་ནད་ཐོན་མེད་པའི་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས། གལ་སྲིད་རིམས་ནད་ཐོན་ཚེ་འཕྲལ་སྡོམ་བཀོད་འདོམས་མ་ལག་འཕྲལ་མར་བཙུགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ཏེ་གང་མགྱོགས་བློ་སེམས་གཅིག་མཐུན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་ཕྱོགས་ཤིག་གཏོད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་དང་། རིམ་དཔྱད་སྟོབས་ཤུགས། ལོགས་སུ་འཇོག་པའི་ཐོན་ཁུངས་བཅས་དང་དེ་བཞིན་འགྲོ་སྐྱོད་མི་སྣའི་དོ་དམ་ལ་སྤྱི་འདོམས་བཀོད་སྒྲིག་ནུས་ལྡན་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས།
    ཟླ་11ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་གཏོང་བྱ་ཐབས་ཉི་ཤུ་ཁྱབ་བསྒྲགས་བྱས་པ་རེད། ཧུའུ་ཞང་གིས། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་གིས་བརྙན་ལམ་ཐོག་གྲོས་བསྡུར་དང་། བཀོད་གཏོང་། གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ས་གནས་ཁག་ལ་ལེགས་གཏོང་བྱ་ཐབས་ཉི་ཤུ་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་ཡོད། ས་གནས་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་མགྱོགས་མྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་ཐག་གཅོད་བྱེད་པའི་ཁྲོད་དེ་བས་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་ཉེན་ཁའི་ས་ཁོངས་དབྱེ་འབྱེད་གཏན་འཁེལ་བྱེད་པ། འབྲེལ་འདྲིས་དམ་ཟབ་འབྱུང་མཁན་གཏན་འཁེལ་དང་དོ་དམ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཉེན་ཁ་ཡོད་པའི་མི་སྣ་དུས་ཐོག་ཏུ་དོ་དམ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག ས་གནས་ཁག་གིས“འཁྲི་འགན་རིམ་སྣོན”གྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་དགར་སློབ་གྲྭ་སྒོ་རྒྱག་པ་དང་སློབ་ཚན་མཚམས་འཇོག་པ་དང་། ལས་ཐོན་མཚམས་འཇོག་བྱེད་པ། རང་དགར་འཇགས་སྡོད་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས་ལེགས་གཏོང་བྱ་ཐབས་ཉི་ཤུ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
   ལེགས་གཏོང་བྱ་ཐབས་ཉི་ཤུའི་ནང་སྨན་བཅོས་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། མིག་སྔར་ས་གནས་ཁག་གཅིག་ཏུ་རིམས་ནད་འགོས་པའི་མི་གྲངས་འཕར་ཚད་མྱུར་པོ་ཡོད་པས་སྨན་བཅོས་ཐོན་ཁུངས་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲལ་སྡོམ་སིའི་སི་ཀྲང་ཀུའོ་ཡན་ཧུང་གིས། པར་གཞི་དགུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་བླང་བྱ་ལྟར་རང་རྒྱལ་གྱིས་རིམས་ནད་འགོས་པའི་ནད་པ་རིགས་ཕྱེ་ནས་སྐྱོབ་བཅོས་བྱེད་པ་དང་། སྤྱིར་བཏང་དང་། ནད་གཞི་ཚབས་ཆེ་བ། ནད་གཞི་ཚབས་ཆེན་གྱི་ཉེན་ཁ་ཡོད་པ་བཅས་ཀྱི་ནད་པ་དུས་ཐོག་ཏུ་དམིགས་འཛུགས་སྨན་ཁང་དུ་ཉར་ནས་སྐྱོབ་བཅོས་བྱེད་དགོས་ཞེས་བཤད་པ་རེད།
    ལེགས་གཏོང་བྱ་ཐབས་ཉི་ཤུའི་ནང་ཉེན་ཁ་ཆེ་བའི་ཁུལ་དུ་ཉིན་5བསྟུད་མར་ནད་པ་གསར་པ་མ་ཐོན་ཚེ་ཉེན་ཁ་ཆུང་བའི་ཁུལ་ལ་གཅོག་དགོས་ཞེས་བཏོན་ཡོད། ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་རིམས་འགོག་ཁྲུའི་ཞིབ་འཇུག་པ་ཝང་ལི་ཕིང་གིས། དེ་ནི་པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་ཇུས་གཞིའི་ལག་ལེན་དཔྱད་དཔོག་གྲངས་གཞི་དང་ཉེན་ཁ་ཞིབ་འཇུག་དང་བརྡར་ཤ་བཅད་པའི་དཔང་རྟགས་ལ་གཞི་ཚུགས་པ་ཞིག་རེད། ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ་དང་དེ་བཞིན་ཐད་འབྲེལ་པ་ཚང་མ་མགྱོགས་མྱུར་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱེད་པ་དང་འབྲེལ། དུས་ཐོག་ཏུ་བརྒྱུད་འདྲེན་བྱེད་པའི་གནས་ཚུལ་འོག་ཉེན་ཁ་ཆེ་བའི་ཁུལ་གྱི་དོ་དམ་ཚོད་འཛིན་མི་སྣའི་ཁྲོད་ཉིན་5བསྟུད་མར་ནད་པ་གསར་པ་མ་ཐོན་ཚེ་ཉེན་ཁ་ཆེ་བའི་ཁུལ་དེའི་སྡེ་ཁུལ་གྱི་མཆེད་ལམ་གཞི་རྩའི་ཆ་ནས་འགོག་ཐུབ་པ་མཚོན་གྱི་ཡོད་ཅེས་བཤད་པ་རེད།