འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་140ལ་གར་སོང་ཆ་མེད་དུ་གྱུར་བའི་བྱ་འདི་སླར་ཡང་མཐོང་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་23ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལོ་140ལ་གར་སོང་ཆ་མེད་དུ་གྱུར་བའི་བྱ་འདི་སླར་ཡང་མཐོང་བྱུང་།
     ལྟག་ནག་ཏི་ཕུ་ནི་ལོ་ངོ་140ལ་གར་སོང་ཆ་མེད་དུ་གྱུར་ཤིང་། སྔོན་ཆད་རྩ་མེད་དུ་གྱུར་བའི་བྱ་རིགས་ལ་ངོས་འཛིན་བྱས་ཡོད། ཉིན་ཤས་གོང་། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་གླིང་ཕྲན་ཆུང་ཆུང་ཞིག་ཏུ་མཐོང་བྱུང་བས་ཚན་རིག་མཁས་ཅན་ཚོ་དགའ་བ་དཔག་མེད་སྐྱེས་ཡོད། 
     ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཚེས་19ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། འདབ་ཆགས་དེ་རིགས་ཀྱི་མགོ་ཅུང་ཆེ་ཞིང་ས་ངོས་སུ་འཚོ་གནས་བྱེད་པ་དང་དེར་སྐད་ཁྱད་མཚར་བ་ཞིག་གྲགས་རྒྱུ་ཡོད། དེ་སྔོན་ཚན་རིག་མཁས་ཅན་གྱིས་ལྟ་ཞིབ་བྱས་པ་དེ་1882ལོར་རེད།
     ཡིག་ཆའི་ཐོག་ནས་མངོན་པར་གཞིགས་ན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཧྥུ་ཀེ་སན་གླིང་ཕྲན་ནི་བྱ་འདིའི་རིགས་འཚོ་སྡོད་བྱེད་ས་གཅིག་པུ་དེ་ཡིན་པ་རེད། ཞིབ་འཇུག་མི་སྣས་2019ལོར་དེར་ཡོང་ནས་བྱ་རིགས་དེ་རིགས་འཚོལ་རྩིས་བྱས་ཀྱང་མཐོང་མ་བྱུང་བས། ད་ལོའི་ཟླ་9པར་སླར་ཡང་བྱ་རིགས་དེ་འཚོལ་བར་ཡོང་བ་རེད།  
     ཁོ་ཚོ་གླིང་ཕྲན་སྟེང་ནས་ཟླ་གཅིག་ལྷག་ལ་བསྡད་ཅིང་། གནས་དེའི་རྔོན་པར་བྱ་འདི་རིགས་མཐོང་མིན་འདྲི་རྩད་བྱས་པ་མ་ཟད། བྱ་འདི་རིགས་འཕུར་བསྐྱོད་བྱེད་སྲིད་པའི་གནས་སུ་བསྡོམས་པས་ལྟ་སྐུལ་ཚོད་འཛིན་བརྙན་ལེན་ཆས་20ལྷག་བཙུགས། ཞིབ་འཇུག་ཚོགས་པ་ཁ་བྲལ་རྩིས་བྱེད་པའི་སྔོན་གྱི་ཉིན་གཉིས་པར། “གཡང་གཟར་རི་བོའི་གྲོག་རོང་ཟབ་མོའི”ས་ཁོངས་སུ་བཙུགས་པའི་བརྙན་མིག་གིས་ནགས་ཚལ་སྟུག་པོའི་ཁྲོད་དུ་བྱ་རིགས་འདི་འཕུར་བཞིན་པ་པར་ལེན་ཐུབ་པ་རེད།
     ཞིབ་འཇུག་མི་སྣས་ལྟག་ནག་ཏི་ཕུ་ནི་བྱ་རིགས་ཁྲོད་ཀྱི“རི་དྭགས་རྭ་གཅིག་མ”རུ་བརྩིས་ཡོད། ཁོང་ཚོས་ལྟག་ནག་ཏི་ཕུ་གསར་དུ་ཤེས་རྟོགས་བྱུང་བ་དེ་ཡིས “རྩ་མེད་དུ་སོང་བ་ངོས་འཛིན་བྱས་པའི”བྱ་རིགས་དེ་བས་མང་བ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བསྩལ་ཡོད་ཅེས་བཤད་པ་རེད། 
༄༅།།ལོ་140ལ་གར་སོང་ཆ་མེད་དུ་གྱུར་བའི་བྱ་འདི་སླར་ཡང་མཐོང་བྱུང་།