༄༅།།ཨུ་རུ་སུའི་ས་ཆ་འདིར་མེ་རི་འཕྱུར་འདུག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་23ཉིན། 13:56】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་ཚེས་23ཉིན། ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཡན་ལག་ཞིབ་འཇུག་ཁང་གི་མེ་རི་དང་ས་ཡོམ་ཞིབ་འཇུག་ཁང་གིས་ཟླ་11ཚེས་20ཉིན་ཞི་ཝེ་ལུའུ་ཆི་མེ་རི་འཕྱུར་བའི་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་པ་རེད། དྲོད་ཚད་ཧྲེ་ཧྲི་ཏུའུ་1000ཙམ་ཟིན་པའི་བྲག་ཞུན་མེ་རིའི་ཁ་ནས་འཕྱུར་བ་མ་ཟད་རི་གཤམ་དུ་བཞུར་བ་མཐོང་ཐུབ།
མེ་རི་འཕྱུར་ཤུགས་ཧ་ཅང་ཆེ་མོད། འོན་ཀྱང་མེ་རི་དང་བར་ཐག་ཉེ་ཤོས་ཀྱི་གྲོང་མིའི་ཁུལ་དེ་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སར་ཡོད་པས་ན། མེ་རི་འཕྱུར་བ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་མེད།
ཞི་ཝེ་ལུའུ་ཆི་མེ་རི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3283ཟིན་པར་གནས་ཤིང་། 1980ལོར་ཐོག་མར་འཕྱུར་འགོ་ཚུགས་པ་དང་། དེ་ནི་ཁན་ཁྲ་ཅ་ཕྱེད་གླིང་ཐོག་འབར་ཉེན་ཆེ་ཤོས་ཀྱི་མེ་རིའི་གྲས་ཤིག་རེད།