འཚོལ་བཤེར།   
藏文频道
2022ལོའི་ཟླ་11ཚེས་22ཉིན།

༄༅།།བསོད་ནམས་ཚེ་རིང་ལ་དགའ་རྟགས་འདི་ཐོབ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་22ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བསོད་ནམས་ཚེ་རིང་ལ་དགའ་རྟགས་འདི་ཐོབ།
     ཟླ་11ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་30ཡི་ཐོག ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་། པེ་ཅིང་གྲོང་ཨུ་དྲིལ་བསྒྲགས་པུའུ། ཧུའུ་ནན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོའི་རྩོམ་རིག་གི་མཛད་སྒོ་ཆེན་མོ•ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”ཞེས་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་གཞོན་ནུ་རྩོམ་པ་པོ་བསོད་ནམས་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་བྱ་དགའ་ཡང་ཐོབ་པ་རེད།
     ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་རང་རྒྱལ་གྱི་མཚན་སྙན་མཐོ་ཤོས་མཚོན་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་རེད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་གིས་བརྩམས་སྒྲུང་འབྲིང་བ《ཐང་སྟོང་དུ་》ཞེས་པར་བརྟེན་ནས། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་སྒྲུང་འབྲིང་གྲས་ཀྱི་བྱ་དགའ་ཐོབ་པ་དང་། ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་ཐོག་མ་དེ་རེད།
     《ཐང་སྟོང་དུ་》དུ་འབྲོག་མི་དྲུག་རི་མགོར་བསྐྱོད་ནས་བྱི་བ་བསད་པ་དང་ཕྱུགས་རར་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། “ཀྲུང་གོའི་རྩོམ་རིག་གི་མཛད་སྒོ་ཆེན་མོ•ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲོད་པའི་མཚན་མོ”ཞེས་པའི་མཛད་སྒོའི་ཐོག སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་སྒྲིག་འཛུགས་ཨུ་ལྷན་གྱིས་བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲོད་སྐབས།  གཏོང་ཕོད་ཆེ་བའི་ལང་ཚོའི་ངར་སེམས་དང་སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་ཀྱིས་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་ལ་ཁྲིད་སྟོན་བྱེད་ཀྱི་ཡོད་ཅེས་གདེང་འཇོག་བྱས་པ་རེད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གིས་བསོད་ནམས་ཚེ་རིང་ལ་བྱ་དགའ་གནང་བ་རེད། བྱ་དགའ་སྤྲོད་ཡུལ་དུ། བསོད་ནམས་ཚེ་རིང་གིས་རང་ཉིད་རྩོམ་རིག་གི་ལམ་བུའི་ཐོག་བསྐྱོད་པའི་བརྒྱུད་རིམ་གླེང་བ་དང་ཁོང་ལ་རོགས་རམ་བྱས་མྱོང་མཁན་དག་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས། ངས་རང་ཉིད་ཀྱི་སྨྱུག་རྩེར་བརྟེན་ནས་རྩྭ་ཐང་གི་ཡངས་ཤིང་རྒྱ་ཆེ་ལ་གཏིང་ཟབ་དང་། དེ་བཞིན་རྩྭ་ཐང་ཐོག་གི་གུས་པར་འོས་པའི་མི་རྣམས་འབྲི་འདོད་ཡོད་ཅེས་བཤད་པ་རེད།