འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གོ་བདུན་པ། ཁ་ལོ་བས་རླངས་འཁོར་བསྐོར་ནས་
རྐང་ཐང་བར་རྡུང་རྨས་བཟོས་རྗེས་འབྲོ་རྩིས་བྱས་པས་ཁོའི་རླངས་འཁོར་གྱི་ལྡེ་མིག་བཙན་ཉར་བྱས་ཆོག་གམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་22ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གོ་བདུན་པ། ཁ་ལོ་བས་རླངས་འཁོར་བསྐོར་ནས་
རྐང་ཐང་བར་རྡུང་རྨས་བཟོས་རྗེས་འབྲོ་རྩིས་བྱས་པས་ཁོའི་རླངས་འཁོར་གྱི་ལྡེ་མིག་བཙན་ཉར་བྱས་ཆོག་གམ།
གྱོད་གཞི། 
    ཞའོ་ལི་ཡིས་རླངས་འཁོར་དངུལ་ཁང་ཞིག་གི་སྒོ་ཁར་བཞག རླངས་འཁོར་ནས་འབབ་སྐབས་རྒྱབ་ཕྱོགས་ལ་དོ་སྣང་མ་བྱུང་བས། རླངས་འཁོར་གྱི་སྒོ་འབྱེད་སྐབས་ལྷོ་ནས་བྱང་དུ་སྐྱོད་པའི་གློག་ཤུགས་འཕྲུལ་རྟ་ཞོན་པའི་ཞའོ་ཡན་དང་གདོང་ཐུག་བྱུང་། ཞའོ་ཡན་བགྱེལ་ཞིང་རྨས་སྐྱོན་ཕོག་པ་རེད། ཞའོ་ལི་རླངས་འཁོར་ལས་བབས་ཏེ་ལྟ་ཞིབ་བྱས་རྗེས་ཞའོ་ཡན་ལ་སྐྱོན་ཆེན་པོ་མི་འདུག་སྙམ་ནས་རླངས་འཁོར་བསྐོར་ཏེ་འགྲོ་རྩིས་བྱས། ཞའོ་ཡན་གྱིས་ཞའོ་ལི་ཡི་རླངས་འཁོར་ལྡེ་མིག་བཙན་ཉར་བྱས་ཤིང་། ཉེན་རྟོག་པར་ཐག་གཅོད་བྱ་རྒྱུའི་ཉེན་བརྡ་བསྐྱལ། ཞོ་ཡན་གྱི་བྱེད་སྟངས་འདི་ཁྲིམས་མཐུན་ཡིན་ནམ།

གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 
   ཁྲིམས་མཐུན་ཡིན། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་དོན་བདུན་པའི་ནང་གཏན་འབེབས་བྱས་དོན། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཅིང་། གནས་ཚུལ་ཛ་དྲག་ཆེ་ལ་དུས་ཐོག་ཏུ་རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་འཐོབ་མི་ཐུབ་པར། འཕྲལ་མར་བྱེད་ཐབས་མ་སྤྱད་ན་དེའི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་བྲལ་བའི་གནོད་འཚེ་ཕོག་སྲིད་པའི་རིགས། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་རྒྱུ་དངོས་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ཆོག འོན་ཀྱང་འཕྲལ་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་བྱེད་རོགས་ཞུ་དགོས།