འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྫོང་འདིས་ལོ་3རིང་རྩྭ་ཐང་སྟེང་ཕྱུགས་འཚོ་མི་ཆོག་པ་ཁྱབ་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་18ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་བྱུང་ལ་སྔར་ལས་ལྷག་པའི་སྒོ་ནས་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ། སྣོད་བཅུད་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང་།《ཀན་སུའུ་ཞིང་ཆེན་རྩྭ་ཐང་སྲོལ་ཡིག》《ཀན་སུའུ་ཞིང་ཆེན་རྩྭ་ཐང་སྟེང་ཕྱུགས་འཚོ་མི་ཆོག་པའི་བྱ་ཐབས》《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་དོ་དམ་བྱ་ཐབས》《བསང་ཆུ་རྫོང་གིས་རེས་སྐོར་གསུམ་པའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱས་པའི་ལག་བསྟར་ཇུས་གཞི》སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་། རང་རེའི་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་བཀའ་འདི་དམིགས་བསལ་ཡོངས་བསྒྲགས་བྱ་རྒྱུ།
     གཅིག ཕྱུགས་འཚོ་མི་ཆོག་པའི་ཁྱབ་ཁོངས། རྫོང་ཡོངས་སུ་ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་155ཟིན་ཡོད། དེའི་ནང་བླ་བྲང་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་3དང་། མདའ་མེད་ཤང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་2.8དང་། བང་གུར་ཐང་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་4.4དང་། མར་ཐང་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་5དང་། ཆུ་སྔོན་ཤང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་4.6དང་། ཐང་དཀར་ནང་ཤང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་4.2དང་། ཙ་ཡུས་ཤང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་7.5དང་། འབོ་ར་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་7.5དང་། སྒྱིས་ཚང་ཤང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་7.5དང་། ཨ་མཆོག་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་8.5དང་། ཡར་རི་རྒྱུད་དོན་གཅོད་ཁང་གི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་10དང་། ཁོ་ཚེ་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་37.5དང་། བསང་ཁོག་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་14.18དང་། རྒན་གྱ་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་35དང་། བསང་ཁོག་ལུག་གསོ་ཚད་ཡོད་ཀུང་སིའི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་3.32བཅས་ཡིན་པ་རེད།  
     གཉིས། ཕྱུགས་འཚོ་མི་ཆོག་པའི་དུས་ཚད། 2022ལོའི་ཟླ་11པའི་ཚེས་1ཉིན་ནས་2025ལོའི་ཟླ་12ཚེས་31ཉིན་བར་ཡིན། རྩྭ་ཐང་སྟེང་ཕྱུགས་འཚོ་མི་ཆོག་པའི་བཀག་རྒྱ་དེ་མེད་པར་བཟོ་དུས། རྫོང་གི་རྩྭ་ཐང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ཏེ་སྙན་ཞུ་བཏོན་ནས། ཞིང་ཆེན་གྱི་རྩྭ་ཐང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས། ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་ཐོབ་རྗེས། རྫོང་སྲིད་གཞུང་གིས་བཀའ་རྒྱ་མེད་པར་བཟོས་ནས་ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་དེ་རྩྭ་ཕྱུགས་དོ་སྙོམས་ཀྱི་དོ་དམ་ལ་བསྒྱུར་དགོས།
     གསུམ། ཕྱུགས་འཚོ་མི་ཆོག་པའི་འབྲོག་ཁུལ་དུ་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་ཞུ་དགོས་པ་སྟེ། ཕྱུགས་འཚོ་མི་ཆོག་པའི་ས་ཁོངས་སུ་ཕྱུགས་འཚོས་མི་ཆོག་པ་དང་། རྩྭ་ཐང་གཏོར་བརླག་བཟོ་བ་དང་ཁྲིམས་འགལ་ངང་རྩྭ་ཐང་བཟུང་མི་ཆོག རྩྭ་ཐང་མེད་པར་བཟོས་ནས་ཚལ་འདེབས་མི་ཆོག  རི་སྐྱེས་རྩི་ཤིང་གང་བྱུང་རྐོ་མི་ཆོག ཁྲིམས་འགལ་ངང་རྔོན་རྒྱག་པ་དང་ཕྱི་རོལ་དུ་མེ་སྤྱོད་རྒྱུ་གཏན་འགོག་དང་། ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་དང་ས་ལེན་རྒྱུ་གཏན་འགོག རྩྭ་ཐང་འཛུགས་སྐྲུན་གྱི་མཚོན་རྟགས་དང་སྒྲིག་བཀོད་ལ་གཏོར་བཤིག་དང་གནས་སྤོ་བྱེད་པ་ནན་འགོག་བཅས་བྱེད་དགོས།
     བཞི། ཕྱུགས་འཚོ་མི་ཆོག་པའི་བླང་བྱ་ཞིབ་ཕྲ་ནི། ཤང་དང་གྲོང་རྡལ་ཁག་དང་རྫོང་གི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཕྱུགས་འཚོ་མི་ཆོག་པའི་ལས་ཀ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱ་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་རང་རྟོགས་ངང་ཕྱུགས་འཚོ་མི་ཆོག་པའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་ཁྲིད་སྟོན་དང་སློབ་གསོ་རྒྱག་དགོས། ཕྱུགས་འཚོ་མི་ཆོག་པ་དང་དོ་དམ་སྲུང་སྐྱོང་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་། ཤང་གྲོང་ཁག་གིས་དོ་དམ་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ལྟ་སྐུལ་དོ་དམ་ནུས་ལྡན་མ་བྱུང་བའི་རྐྱེན་གྱིས་ཕྱུགས་འཚོ་མི་ཆོག་པའི་ལས་དོན་དེ་རྣམ་པ་ཙམ་དུ་གྱུར་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
     ལྔ། འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཕྱུགས་འཚོ་མི་ཆོག་པའི་དུས་ཡུན་ནང་རང་དགར་ཕྱུགས་རིགས་འཚོ་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང《ཀན་སུའུ་ཞིང་ཆེན་རྩྭ་ཐང་གི་ཕྱུགས་འཚོ་མི་ཆོག་པའི་སྲོལ་ཡིག》《ཀན་སུའུ་ཞིང་ཆེན་རྩྭ་ཐང་གི་ཕྱུགས་འཚོ་མི་ཆོག་པའི་བྱ་ཐབས》《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་གི་དོ་དམ་བྱ་ཐབས》ལྟར་ཆད་པ་གཅོད་དགོས། ཉེས་ཚབས་ཆེ་བ་དང་བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་མི་འཇོག་པར་རྩྭ་ཐང་གི་ཐོན་ཁུངས་གཏོར་བརླག་བཟོས་རིགས་ལ། ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དུ་འཇུག་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་དུས་མཚུངས་ཁ་གསབ་བྱ་དགའི་མ་དངུལ་མེད་པར་བཟོ་དགོས།
     རྫོང་དཔོན། དབྱང་ཧའེ་ཆང་ནས།
     2022ལོའི་ཟླ་11ཚེས་1ཉིན།