༄༅།།ཏོག་གསར་ནད་པ་2328+20804གསར་དུ་འཕར་འདུག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་17ཉིན། 14:51】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་11པའི་ཚེས་16ཉིན་གྱི་ཆུ་ཚོད་0པ་ནས་24བར། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ཕོག་པའི་རང་ཡུལ་ནད་དཔེ་2328མང་དུ་ཕྱིན་པའི་ནང་། ཀོང་ཏུང་དུ་ནད་དཔེ་1246ཡོད། པེ་ཅིང་དུ་ནད་172ཡོད། ཁྲུང་ཆིང་དུ་ནད་དཔེ་172 ཡོད།ཧོ་ནན་དུ་ནད་དཔེ་137ཡོད། སི་ཁྲོན་དུ་ནད་དཔེ་111ཡོད། ཧྲའན་ཞི་རུ་ནད་དཔེ་107ཡོད། ནང་སོག་ཏུ་ནད་དཔེ་103ཡོད། ཧྲན་ཞི་རུ་ནད་དཔེ་71ཡོད། ཡུན་ནན་དུ་44ཡོད། ཅང་སུའུ་རུ་ནད་དཔེ་26ཡོད། ཞིན་ཅང་དུ་ནད་དཔེ་26ཡོད། ཀྲེ་ཅང་དུ་ནད་དཔེ་19ཡོད། ཧྲན་ཏུང་དུ་ནད་དཔེ་16ཡོད། ཀུའེ་ཀྲོའུ་རུ་ནད་དཔེ་13ཡོད། མཚོ་སྔོན་དུ་ནད་དཔེ་13ཡོད། ཧྥུའུ་ཅན་དུ་ནད་དཔེ་11ཡོད། ཧའེ་ལུང་ཅང་དུ་ནད་དཔེ་10ཡོད།ཀན་སུའུ་རུ་ནད་དཔེ་7ཡོད།ཧའེ་ནན་དུ་ནད་དཔེ་5ཡོད། བོད་ལྗོངས་སུ་ནད་དཔེ་5ཡོད། ཧུའུ་པེ་རུ་ནད་དཔེ་4ཡོད།ཐེན་ཅིན་དུ་ནད་དཔེ་3ཡོད། ལོའི་ཉིང་དུ་ནད་དཔེ་2ཡོད།ཧྲང་ཧའེ་རུ་ནད་དཔེ་2ཡོད། ཧུའུ་ནན་དུ་ནད་དཔེ་2ཡོད། ཅི་ལིན་དུ་ནད་དཔེ་1ཡོད། དེའི་ནང་ནད་དུག་འགོས་ཀྱང་ནད་རྟགས་མི་མངོན་པ་ནས་གཏན་འཁེལ་བྱུང་བའི་ནད་པར་གྱུར་བའི་ནད་དཔེ་1052ཚུད་པ་སྟེ། (ཀོང་ཏུང་དུ་ནད་དཔེ་939དང་། ཁྲུང་ཆིང་དུ་ནད་དཔེ་31 སི་ཁྲོན་དུ་ནད་དཔེ་30 པེ་ཅིང་དུ་ནད་དཔེ་11 ཀྲེ་ཅང་དུ་ནད་དཔེ་10 ཀན་སུའུ་རུ་ནད་དཔེ་7 མཚོ་སྔོན་དུ་ནད་དཔེ་7 ཡུན་ནན་དུ་ནད་དཔེ་4 ཧྲན་ཞི་རུ་ནད་དཔེ་3 ཅང་སུའུ་རུ་ནད་དཔེ་2 ཧྥུ་ཅན་དུ་ནད་དཔེ་2 ཧའེ་ནན་དུ་ནད་དཔེ་2 ཧྲའན་ཞི་རུ་ནད་དཔེ་2 ཧའེ་ལུང་ཅང་དུ་ནད་དཔེ་1 ཧུའུ་ནན་དུ་ནད་དཔེ་1བཅས་ཡོད། )ཚེ་འདས་ནད་དཔེ་གསར་པ་བྱུང་མེད། དོགས་ཡོད་ནད་དཔེ་གསར་པ་བྱུང་མེད།
ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་སྙན་ཞུ་ལྟར་ན། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་རང་ཡུལ་ནད་དཔེ་20804གསར་དུ་ཕྱིན་པའི་ནང་དུ། ཀོང་ཏུང་དུ་ནད་དཔེ8576ཡོད། ཁྲུང་ཆིང་དུ་ནད་དཔེ་3900ཡོད། ཀན་སུའུ་རུ་ནད་དཔེ1545ཡོད། ཧོ་ནན་དུ་ནད་དཔེ་1521ཡོད། ནང་སོག་ཏུ་ནད་དཔེ་1043ཡོད།ཤིན་ཅང་དུ་ནད་དཔེ་901ཡོད།མཚོ་སྔོན་དུ་ནད་དཔེ་476ཡོད།ཧྲན་ཞི་རུ་ནད་དཔེ་397ཡོད། སི་ཁྲོན་དུ་ནད་དཔེ་322ཡོད། ཧོ་པེ་རུ་ནད་དཔེ་263ཡོད། པེ་ཅིང་དུ་ནད་དཔེ་262ཡོད། ཧྲའན་ཞི་རུ་ནད་དཔེ་245ཡོད། ཧའེ་ལུང་ཅང་དུ་ནད་དཔེ་237ཡོད། ཧུའུ་ནན་དུ་ནད་དཔེ་172ཡོད། ཡུན་ནན་དུ་ནད་དཔེ་159ཡོད། ཧྲན་ཏུང་དུ་ནད་དཔེ་151ཡོད། ཅང་སུའུ་རུ་ནད་དཔེ་132ཡོད། ཧུའུ་པེ་རུ་ནད་དཔེ་109ཡོད། ཐེན་ཅིན་དུ་ནད་དཔེ་70ཡོད། ཅི་ལིན་དུ་ནད་དཔེ་69ཡོད། ཨན་ཧུའེ་རུ་ནད་དཔེ་52ཡོད། ཀོང་ཞི་རུ་ནད་དཔེ་43ཡོད། ཀུའེ་ཀྲོའུ་རུ་ནད་དཔེ་41ཡོད། ཀྲེ་ཅང་དུ་ནད་དཔེ་34ཡོད། ཅང་ཞི་རུ་ནད་དཔེ་19ཡོད། ཉིང་ཞ་རུ་ནད་དཔེ་19ཡོད། ལོའི་ཉིང་དུ་ནད་དཔེ་16ཡོད། ཧྲང་ཧའེ་རུ་ནད་དཔེ་11ཡོད། ཧྥུ་ཅན་དུ་ནད་དཔེ་11ཡོད། བོད་ལྗོངས་སུ་ནད་དཔེ་6ཡོད། ཧའེ་ནན་དུ་ནད་དཔེ་2ཡོད།
པེ་ཅིང་།
ཚེས་16ཉིན་པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཚེ། འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། མིག་སྔར། པེ་ཅིང་དུ་གསར་ཐོན་ནད་དཔེ་དང་རིམས་ནད་ཁྱབ་ཁོངས་རྒྱུན་མཐུད་ངང་མང་དུ་ཕྱིན་ནས། ས་གནས་མང་པོར་ཁྱབ་པའི་གནས་ཚུལ་ཐོན་བས་རིམས་ནད་གནས་ཚུལ་སྔར་བཞིན་མཆེད་རྒྱ་ཆེ་བའི་དུས་སུ་གནས་ཡོད། པེ་ཅིང་གིས་སྤྱི་ཚོགས་ཐོག་གི་ནད་དཔེ་གྲལ་བཤེར་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་། སྤྱི་ཚོགས་ཐོག་གྲལ་བཤེར་བྱེད་པར་ཉིང་སྐྱུར་མཇུག་འབྲས་གདགས་གཤིས་ཀྱི་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་སར་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་ཚེ། ཚད་གཞི་ལྟར་ཉེན་ཁའི་མི་ཚོགས་གཏན་འཁེལ་བྱེད་པ་མ་ཟད། བླང་བྱ་ལྟར་དོ་དམ་ཚོད་འཛིན་ནན་པོ་བྱེད་དགོས། ཕྱི་རུ་མཆེད་པའི་ཉེན་ཁ་ཅུང་ཆེ་བའི་གནས་སུ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་སོགས་མཐའ་སྐྱོང་བྱ་ཐབས་སྤྱོད་དགོས།
ཞིན་ཅང་།
ཉེ་ཆར། ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྤྱིའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་གཅིག་རྗེས་གཉིས་མཐུད་ངང་འཁོར་སྐྱོད་སླར་གསོ་བྱས་ཡོད། ཞིན་ཅང་གནམ་ཐང་ཚོགས་པ་དང་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་ཟོག་འགྲེམས་ཀུང་སིས་ལས་གནས་སུ་བསྐྱར་དུ་ལོག་པའི་ལས་བཟོ་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཔྱད་དཔོག་ཞིབ་དཔྱད་ནན་པོ་བྱས་ནས། ལས་གནས་སུ་བསྐྱར་དུ་ལོག་མཁན་ལས་རིམས་ནད་འགོས་ཁྱབ་ཉེན་ཁ་མི་ཡོང་བ་བྱེད་གང་ཐུབ་བྱེད་ཀྱི་ཡོད།
