འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བསང་ཆུ་རྫོང་གི་མི་འདི་དག་གིས་ཁ་གསབ་སྒོར་5000ལེན་ཆོག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་17ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2022ལོའི་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ལས་དོན་གྱི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ།
     གཅིག རེ་ཞུའི་ཁྱབ་ཁོངས།
     བསང་ཆུ་རྫོང་ས་ཁོངས་ནང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་བའམ་ཡང་ན་མི་སྒེར་གཉེར་སྐྱོང་གི་ཁྲིམས་བཀོད་ངལ་རྩོལ་ལོ་ཚད་ནང་གི་ལས་གཏོད་མི་སྣ། (ཐོ་འགོད་དུས་ཚོད་ནི་2018ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ཐོ་འགོད་བྱས་པ་དང་། ལས་གཉེར་ལག་ཁྱེར་གྱི་དུས་ཚོད་དེ་ཐོ་འགོད་དུས་ཚོད་ཚད་གཞིར་འཛིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལས་ཞུགས་དཀའ་ངལ་ཡོད་མཁན། དབུལ་ཐར་ངལ་རྩོལ་ནུས་ཤུགས། དམག་ཞབས་ཐིམས་པའི་དམག་མི། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གླ་རྒྱག་ཞིང་པ་སོགས་རེད)
     ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་བའམ་ཡང་ན་སྒེར་གྱི་གཉེར་སྐྱོང་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱས་པའི་དུས་ཚོད་ཚད་གཞིར་འཛིན་དགོས་པ་དང་། ཐོ་འགོད་ཁྲིམས་མི་དེ་ངེས་པར་དུ་རང་ཉིད་ཡིན་དགོས་པ་དང་གཏན་འཇགས་ཀྱི་གཉེར་སྐྱོང་བྱ་ཡུལ་ཡོད་དགོས། རྒྱུན་གཏན་གཉེར་སྐྱོང་བྱས་ནས་ལོ་གཅིག་ཡན་ཡིན་པ་དང་ལས་ཞུགས་ལས་གཏོད་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོད་དགོས། དེའི་ནང་ནས་མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ(མཐོ་རིམ་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ)ངེས་པར་དུ་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་2ནང་ཚུན་དུ་ཁེ་ལས་གཉེར་བའམ་ཡང་ན་མི་སྒེར་གྱི་བཟོ་ཚོང་གཉེར་སྐྱོང་བྱས་པ་ཡིན་དགོས།
     རེ་ཞུ་བྱེད་མཁན་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་སྣ་ཚོགས་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་བཞིན་ཡོད་རིགས་དང་། ཁེ་ལས་དང་བྱ་གཞག་ཚན་པར(སྤྱི་ཚོགས་འགན་བཅོལ་ལམ་ཡང་ན་ནོར་སྲིད་ནས་ངལ་རྩོལ་ཐོབ་ཆ་སྤྲོད་པ)ལས་ཞུགས་བྱེད་བཞིན་ཡོད་པ། རྣམ་གྲངས་དེའི་ཁ་གསབ་ལོངས་སྤྱོད་བྱེད་མྱོང་ཡོད་པ་དག་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ལོངས་སྤྱོད་བྱེད་ཁོངས་སུ་མི་གཏོགས། 
     གཉིས། ཁ་གསབ་ཀྱི་ཚད་གཞི།
     ཆ་རྐྱེན་དང་མཐུན་པའི་ལས་གཏོད་མི་སྣར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་5000སྤྲོད་རྒྱུ་རེད།
     གསུམ། རེ་ཞུའི་བརྒྱུད་རིམ།
     ཆ་རྐྱེན་དང་མཐུན་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ངམ་ཡང་ན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་ལས་གཉེར་ལག་ཁྱེར་ཐོ་འགོད་བྱ་ཡུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་རེ་ཞུ་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིབ་དཔྱད་དང་། བསྐྱར་ཞིབ། ཡོངས་བསྒྲགས་བཅས་བྱས་པར་བསམ་འཆར་མི་འདྲ་བ་མེད་རྗེས། གཏན་འབེབས་ལྟར་ཁ་གསབ་མ་དངུལ་ལས་གཏོད་བྱེད་མཁན་གྱི་སྤྱི་ཚོགས་འགན་བཅོལ་ཁཱ་དངུལ་ཁང་གི་རྩིས་ཁྲར་སྤྲོད་རྒྱུ་རེད།
     བཞི། རེ་ཞུ་བྱེད་དུས་སྤྲོད་དགོས་པའི་ཡིག་ཆ།
     ཐོབ་ཐང་ལག་ཁྱེར་དང་། ཐེམ་ཐོ། མཐར་ཕྱིན་དཔང་ཡིག འབྱོར་ཐོ་འགོད་པའི་ལག་ཁྱེར། (དམག་ཞབས་ཐིམས་པའི་ལག་ཁྱེར། དམག་ཞབས་ཐིམས་ནས་ཕྱིར་ལོག་པའི་ལག་ཁྱེར། ཕ་ཡུལ་དུ་ཕྱིར་ལོག་པའི་ལས་གཏོད་པའི་མི་སྣའི་དཔང་ཡིག) ལས་གཉེར་ལག་ཁྱེར་གྱི་མ་ཡིག་ངོ་མ་དང་བསྐྱར་དཔར།(ཐོ་འགོད་ཁྲིམས་མི་ངེས་པར་དུ་མི་རང་ཉིད་ཡིན་དགོས།) རེ་ཞུ་བྱེད་མཁན་གྱི་སྤྱི་ཚོགས་འགན་བཅོལ་ཁཱ་ཡི་བསྐྱར་དཔར (གལ་སྲིད་ཁཱ་དེར་དངུལ་རྩའི་ནུས་པ་མེད་ན་བྱང་བུ་སྤྲོད་མཁན་དངུལ་ཁང་དུ་སོང་ནས་སྒོ་ཕྱེ་དགོས)
     ལྔ། བདག་སྤྲོད་ལས་ཁུངས་དང་དུས་ཚད། 
     1.བདག་སྤྲོད་བྱེད་གནས། བསང་ཆུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་ཞུགས་སྐུལ་སྤེལ་ཀུའུ(ཏང་སྲིད་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཐོག་ཁང་1པོའི་སྒོ་རྟགས་213ཡིན།)
     2.བདག་སྤྲོད་བྱེད་པའི་དུས་ཚད། 2022ལོའི་ཟླ་11ཚེས་15ཉིན་ནས་2022ལོའི་ཟླ་12ཚེས་15ཉིན་བར་ཡིན།