འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་དབྱི་རན་དང་ཨུ་རུ་སུའི་དངོས་ཚན་དང་མི་སྒེར་ལ་བཀག་སྡོམ་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན།ཨ་རིའི་ནོར་སྲིད་པུས་གསལ་བསྒྲགས་སྤེལ་ནས། ནོར་སྲིད་པུའི་ཕྱི་རྒྱལ་རྒྱུ་ནོར་ཚོད་འཛིན་གཞུང་དོན་ཁང་(OFAC)གིས་དབྱི་རན་གྱི་མི་མེད་གནམ་གྲུ་(UAV)ཐོན་སྐྱེད་ནང་ཞུགས་རྒྱུ་མ་ཟད། ཨུ་རུ་སུའི་ཀུང་སིར་མཁོ་འདོན་བྱས་ནས་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། བཀག་སྡོམ་དངོས་ཚན་ནང་དབྱི་རན་གྱི་ཧྲ་ཧོ་ཏེ་མཁའ་འགྲུལ་བཟོ་ལས་ཞིབ་འཇུག་ལྟེ་གནས་(Shahed Aviation Industries Research Center)ཨུ་རུ་སུའི་སྒེར་གྱི་དམག་དོན་ཀུང་སི་ཝ་ཀེ་ན་ཚོགས་པ(PMC Wagner)དང་། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་རུ་ཁག་གི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དཔུང་སྡེ་(IRGC ASF)ཧྲེང་ཁྲེང་མཁའ་འགྲུལ་བཟོ་ལས་ཀུང་སི་(Qods Aviation Industries)བཅས་ཚུད་ཡོད་པ་རེད།
   གཞན་ཡང་། ཨ་རིའི་ནོར་སྲིད་པུས་འབྲེལ་ཡོད་མི་སྒེར་གཉིས་ལ་བཀག་སྡོམ་བྱས་པ་རེད།