འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དཀར་མཛེས་ཁུལ་གྱི་“བྱི་རྟའི་ལས་གྲྭའི་”མ་ལག་བསྡུས་གྲུབ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་15ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དཀར་མཛེས་ཁུལ་གྱི་“བྱི་རྟའི་ལས་གྲྭའི་”མ་ལག་བསྡུས་གྲུབ་ཐུབ་པ།
   མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ། “བྱི་རྟའི་ལས་གྲྭའི་”དུས་ཐེངས་གཉིས་པའི་སྒོར་གདུབ་རྣམ་པའི་ཉི་འོད་འཕྲོ་གློག་གྲིབ་བརྙན་རྒྱང་ཤེལ་སྒྲིག་ཆས་ཀྱི་མ་ལག་འདུས་གྲུབ་ལེགས་གྲུབ་བྱུང་ནས། མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་དུས་མཚམས་སུ་དངོས་སུ་སླེབས་ཡོད་པ་རེད། སྒྲིག་ཆས་འདིས་ཉི་མའི་ཐོལ་བྱུང་བྱ་འགུལ་ལ་ལྟ་ཞིབ་བྱེད་ཐུབ།
   ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སི་ཁྲོན་དཀར་མཛེས་འདབ་པ་རྫོང་གི་བར་མཐོངས་ཁོར་ཡུག་རྨང་གཞི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བའི་སྒོར་གདུབ་རྣམ་པའི་ཉི་མའི་འཕྲོ་གློག་གྲིབ་བརྙན་རྒྱང་ཤེལ་སྒྲིག་ཆས་འཛུགས་སྐྲུན་བྱ་ཡུལ་དུ། མཇུག་མཐའི་གནམ་སྐུད་ག་ལེར་དཔྱངས་ནས་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག་བྱི་རྟའི་ལས་གྲྭའི་དུས་ཐེངས་གཉིས་པའི་སྒོར་གདུབ་རྣམ་པའི་ཉི་མའི་འཕྲོ་གློག་གྲིབ་བརྙན་རྒྱང་ཤེལ་སྒྲིག་ཆས་ཀྱི་མ་ལག་བདེ་བླག་ངང་བསྡུས་གྲུབ་ཐུབ་པ་བྱུང་བ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། སྒོར་གདུབ་རྣམ་པའི་ཉི་མའི་འཕྲོ་གློག་གྲིབ་བརྙན་རྒྱང་ཤེལ་ནི་སྨི་6ལྡན་པའི་གནམ་སྐུད་313ལས་གྲུབ་པའི་ཕྱོགས་བསྡུས་ཁུང་ཚངས་འཕྲོ་གློག་རྒྱང་ཤེལ་ཞིག་ཡིན་ཞིང་། དེས་ཉི་མའི་ཐོལ་བྱུང་འགུལ་སྐྱོད་ཀྱི་བརྙན་གྲུབ་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་2023ལོའི་ཟླ་6པར་མ་ལག་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་ལེགས་སྒྲུབ་བྱས་མཐར་འཁོར་སྐྱོད་ཚོད་ལྟ་དང་ཚན་རིག་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།